49354

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་བསྟན་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་མདོ་སྨད་ཅོ་ནེ་ཁྱ་དགེ་གྲོ་ཆེན་སྡེ་བར་ཡབ་ཚེ་རིང་དོན་གྲུབ་དང་། ཡུམ་ཀླུ་མོ་ཡག་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཁྱ་དགེ་དཔོན་སློབ་བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་བསྒྲུབས། ཕྱིས་སུ་ཁྱ་དགེ་ཁྲི་རྒན་བློ་གྲོས་བསོད་ནམས་ལས་རབ་ཏུ་བྱུང་། མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། རྗེ་དེ་ཉིད་ལས་ཡི་གེའི་འབྲི་ཀློག་དང་། འདོན་ཆ་བཅས་ལ་ལེགས་པར་སྦྱངས། བཅུ་དགུ་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད་གསན། ཉེར་གཅིག་པར་ཡ་ཕུའི་དཔོན་སློབ་བརྩོན་འགྲུས་བཟང་པོ་ལས་དགེ་སློང་བསྒྲུབས། ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་དང་། གཡོ་ས་དཔོན་སློབ་གྲགས་པ་བཤད་སྒྲུབ། མུ་ནེ་དཔོན་སློབ་སངས་རྒྱས་དཔལ་བཟང་། ཆས་པ་བླ་མ་བློ་བཟང་འཕྲིན་ལས། བེ་རིའི་མཐུ་སྟོབས་རྒྱ་མཚན། བྲག་སྒོམ་པ་བློ་བཟང་ཤེས་རབ། འདུལ་འཛིན་ཆོས་འབྱོར། ཁྱ་དགེ་དོན་ཡོད་རིན་ཆེན་སོགས་བསྟེན་ནས་ཟབ་ཆོས་དུ་མར་གསན། ལོ་བཅུ་གཉིས་རིང་ལོ་མཚམས་ཟླ་མཚམས་བཤད་ནས་བཞུགས། སོ་དགུ་བར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་བདེ་མཆོག་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང་ཞུས། ལོ་བཅུའི་རིང་བཅུ་ཕྲག་རིག་པའི་གནས་ཀུན་ལ་དོན་རྟོགས་པར་མཛད། དགུང་ལོ་ཞེ་དགུ་པར་ཕ་ཡུལ་དུ་ཁྱ་དགེ་བྱམས་སྐུ་བཞེངས། སློབ་མ་གྲགས་ཆེ་བ་ནི་མཛོད་དགེ་མཁས་གྲུབ་བསྟན་འཛིན། ཤུག་ཚང་སྒོམ་པ་ཡེ་ཤེས་རྒྱ་མཚོ། རེབ་ཚ་སྤྲུལ་སྐུ་དཀོན་མཆོག་དམ་ཆོས་ཡར་འཕེལ། ཨ་ཁྱུང་ངག་དབང་མཁྱེན་རབ། ཁྱ་དགེ་ནང་འོག་མ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ་སོགས་ཡིན། རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་གཤེགས། གསུང་རྩོམ་ནི་བྱང་ཆུབ་ལམ་གྱི་རིམ་པ་བདེ་ལམ་གྱི་ཞལ་བཞེས་བླ་མ་དམ་པའི་གསུང་རྒྱུན་ཡི་གེར་བཀོད་པ་བློ་བཟང་དགོངས་རྒྱན་དང་། ཀུན་རིག་གི་བསྙེན་པའི་ཁ་སྐོང་གི་སྦྱིན་སྲེག་ཇི་ལྟར་བྱ་ཚུལ་འཁྱེར་བདེ་ངག་འདོན་དུ་བཀོད་པ་ཉེས་ལྟུང་མུན་སེལ་ཟླ་བའི་འབུམ་འགྲོ་དང་། ཁ་གྲོའི་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་གི་བཅར་ཡིག་སོགས་རྣམ་གྲངས་ཉི་ཤུ་ལྷག་ཙམ་བཞུགས།

{{#arraymap:བློ་བཟང་བསྟན་འཛིན་

|; |@@@ | | }}

བློ་བཟང་བསྟན་འཛིན་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༨༨ པ་རྣམ་ཐར་མ་རྙེད།

{{#arraymap:བློ་བཟང་བསྟན་འཛིན་

|; |@@@ | | }}