49370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོར་ཁྲོམ་ཐོག་དུ་དྲུང་པ་ལྕགས་པོ་བྱམས་ཀྱི་སྲས་སུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ས་བྱ་ཕྱི་ལོ་ ༡༨༤༩ ལོར་མཛོད་དགེར་སྐུ་གཤེགས། དགུང་ལོ་བདུན་པར་ལྷ་མོའི་དགོན་དགའ་ལྡན་བཤད་སྒྲུབ་གླིང་དུ་གདན་སར་བཀོད། རྔ་བ་ཆོས་སྐྱོང་རྒྱ་མཚོ་ལས་རབ་ཏུ་བྱུང་། བློ་བཟང་ཐོས་བསམ་ལས་ཡི་གེའི་འབྲི་ཀློག་བསླབས། དཔོན་སློབ་མཁས་གྲུབ་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། འཇིགས་བྱེད་བཅུ་གསུམ་མའི་དབང་ལུང་ཞུས། ཉེར་བཞི་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས། ཉེར་དྲུག་པར་དབུས་ཀྱི་འབྲས་སྤུངས་སྒོ་མང་དུ་ཞུགས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང་མཇལ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་། ཀློང་རྡོལ་ངག་དབང་བློ་བཟང་། ཕ་བོང་ཁ་བ་རྒྱ་མཚོ་མཐའ་ཡས། ཉི་ཐང་ངག་དབང་དོན་གྲུབ། ཤར་མཁན་པོ་བློ་བཟང་སྦྱིན་པ། སྒོ་མང་དཔོན་སློབ་ཧོར་བསྐལ་བཟང་དངོས་གྲུབ་སོགས་ལས་ཆོས་རྒྱུན་མ་ལུས་གསན། ང་བདུན་པར་རྩེ་ནས་དགའ་ལྡན་བསྟན་པའི་གསལ་བྱེད་ཨེརྟི་ནི་པཎྜི་ཏའི་ཆོས་ལོ་གནང་། ང་བརྒྱད་པར་མདོ་སྨད་གཙོས་དགེ་ལྡན་ཆོས་གླིང་གི་གདན་སར་བཞུགས། སོག་ཡུལ་དུ་ཐེངས་གཉིས་ཙམ་ཕེབས་ཏེ། གསེར་ཁང་ཆེན་མོ། ཇོ་ཁང་། སྟོང་སྐུའི་ལྷ་ཁང་། དཔར་ཁང་སོགས་རྟེན་བརྟེན་པ་མང་པོ་བཞེངས། མདོ་སྨད་ཀྱི་དགོན་ལག་གང་སར་ཕེབས་ནས་དབང་ལུང་མན་ངག་གི་ཞལ་རྒྱུན་རྒྱ་ཆེར་སྤེལ། འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་སློབ་མ་མཁས་གྲུབ་མང་པོ་བྱོན། གསུང་རྩོམ་ནི་གྲུབ་མཐའི་རྣམ་གཞག་ནོར་བུའི་ཕྲེང་བ། བྱང་ཆུབ་ལམ་རིམ་པའི་གནད་དོན་མདོར་བསྡུས། དཔྱོད་ལྡན་རྣམས་ཀྱིས་དྲི་བ་བྱས་པའི་ལན་ཕྱོགས་གཅིག་ཏུ་བཀོད་པ་ནོར་བུ་ཀེ་ཏ་ཀ།ལེགས་སྦྱར་དང་གངས་ཅན་བོད་ཀྱི་བརྡ་ཤན་སྦྱར་ཏེ་ཀཱ་ལིའི་ཕྲེང་བར་བསྒྲིགས་པ་མཁས་པ་དགའ་བྱེད། སྒྲ་གཅིག་དོན་མང་ལ་འཇུག་པ་སོགས་ཀྱི་རྣམ་གཞག བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་བའི་གཞུང་གི་རྣམ་བཤད་ཉིན་མོའི་སྣང་བ། ཕུག་ལུགས་རྩིས་ཀྱི་སྙིང་པོ་མཁས་པའི་མགུལ་རྒྱན་སོགས་རྣམ་གྲངས་ཆིག་བརྒྱ་དོན་བདུན་པོད་བརྒྱད་དུ་དཔར་ཏེ་བཞུགས་ཡོད། །

{{#arraymap:བློ་བཟང་རྒྱལ་མཚན་སེང་གེ་

|; |@@@ | | }}