49848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཁོལ་ (1)
Part of speech མིང་ཚིག
Definition སློབ་དཔོན་དཔའ་བོ་སྟེ། རྒྱ་གར་གྱི་ནུབ་ཕྱོགས་སུ་ཡབ་སེང་གེ་གསང་བ་དང་ཡུམ་རིན་ཆེན་དངོས་གྲུབ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་བྱེད་བཞི་དང་། རིག་བྱེད་ཀྱི་ཡན་ལག་བཞི། ཉེ་བའི་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པར་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་པ་བསླབས་པས་ཚེགས་མེད་དུ་མཁྱེན། ཕྱི་རོལ་བའི་བསྟན་པར་ཞུགས། གསུང་སྙན་པས་རྟ་དབྱངས་སུ་གྲགས། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར། ནུབ་ཕྱོགས་ཀྱི་ནང་པའི་པཎྚི་ཏ་རྣམས་དང་བརྩད་ནས་རྟ་དབྱངས་རྒྱལ་བས། ནང་པའི་བསྟན་པ་བསྣུབས་ནས་ཕྱི་རོལ་པའི་ལུགས་སུ་བསྒྱུར། ཕྱིས་སུ་འཕགས་པ་ལྷ་དང་བརྩད་ནས་ནང་པར་བསྒྱུར། ཀླུ་སྒྲུབ་ཡབ་སྲས་སློབ་དཔོན་དུ་བསྟེན་ནས་ནང་པའི་གྲུབ་མཐའ་ལ་ཤིན་ཏུ་མཁས་པར་གྱུར། མཚན་དཀོན་མཆོག་འབངས་ཞེས་གྲགས། སྔར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་ལས་བྱས་པའི་སྡིག་པ་རྣམས་ལ་བཤགས་པའི་ཆེད། སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་ལ་བསྟོད་པ་བརྒྱ་རྩ་བརྒྱད་ཀྱིས་མཚོན་པའི་བསྟན་བཅོས་སྤྱི་དང་། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་རང་འགྲེལ་སོགས་རིག་པའི་གནས་ལྔའི་གཞུང་མང་དུ་མཛད་པར་གྲགས།
Synonyms ཨཤྭ་གྷོ་ཥ། དཔའ་བོ། རྟ་དབྱངས། མ་ཁོལ། ཕ་ཁོལ། ཐུབ་དཀའ། ཆོས་ལྡན་རབ་འབྱོར། མ་ཏི་ཙི་ཏྲ། དཀོན་མཆོག་འབངས།

{{#arraymap:མ་ཁོལ་

|; |@@@ | | }}