49857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་གཅིག་ཞ་མ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཆུ་སྟག་ཕྱི་ལོ་ ༡༠༦༢ ལོར་ཡུལ་ཕ་དྲུག་ཏུ་ཡབ་ཞ་མ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ལ་པདྨ་ལ་སོགས་པའི་མཚན་བཟང་པོས་བརྒྱན་པ་ཞིག་བྱུང་། བཅུ་བཞི་ངེས་འབྱུང་བསམ་པས་རྒྱུད་བསྐུལ། བཅུ་བདུན་ནས་ལོ་བཅུ་བར་བླ་མ་རྨ་ལོ་དགེ་བའི་བློ་གྲོས་ཀྱི་ཕྱག་རྒྱ་མ་མཛད། བླ་མ་རྨ་ལོ་ལས་རྒྱུད་ཀྱི་སྒྲུབ་ཐབས་མང་པོ་ཞུས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་མཇལ། དགུང་ལོ་སོ་གཅིག་ནས་བར་ཆད་བྱུང་ཡང་ཕ་དམ་པར་མཇལ་ནས་བཟློགས་། པཎྜི་ཏ་བཻ་རོ་ཙ་ན་དང་། དཔལ་ཆེན་རྒྭ་ལོ། པུ་ཧྲེང་ལོ་ཙཱ་བ། ཡེ་རབ་བ། སེ་མཁར་ཆུང་བ་བཅས་ལ་བསྟེན། བཀའ་བསྟན་པོ་མཁས་པར་སྦྱངས། །མོན་བོད་ཀྱི་གནས་རི་མང་པོར་བཞུགས། ཐུགས་དམ་མཛད་པས་གྲུབ་པ་བརྙེས། གྱ་བརྒྱད་པ་རབ་བྱུང་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༡༤༩ ལོར་སྐུ་གཤེགས། རྙིང་མའི་རིག་འཛིན་ཆེན་མོ་ཞིག་ཡིན།

{{#arraymap:མ་གཅིག་ཞ་མ་

|; |@@@ | | }}