50537

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མ་ཧཱ་མཱ་ཡའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། མ་ཧཱ་མཱ་ཡའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་དོན་གཉིས་པ་ཡིན། བརྗོད་བྱ་ནི། གྲུབ་ཆེན་ཀུ་ཀུ་རི་པའི་ལུགས་ཀྱི་མ་ཧཱ་མཱ་ཡའི་ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་སྒོམ་ཚུལ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། ཀུ་ཀུ་རི་པ་མར་བ་ལོ་ཙཱ་བ། ཆོས་སྐུ་རྡོ་རྗེ་མདོ་སྡེ་ཀུན་དགའ་དང་། གཟི་བརྗིད་རིན་ཆེན་བཟང་པོ་རྒྱལ་པ། དོན་གྲུབ་དཔལ་དང་རྔོག་སྟོན་བྱང་ཆུབ་དཔལ། བཀྲ་ཤིས་དཔལ་གྲུབ་བོ་དྷི་ཤྲཱིའི་མཚན། བྱང་ཆུབ་གྲགས་པ་བློ་གྲོས་དཔལ་བཟང་པོ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། རྔོག་པའི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:མ་ཧཱ་མཱ་ཡའི་ཁྲིད་

|; |@@@ | | }}