50639

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་བསོད་ནམས་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༣༤༡ ལོར་གཙང་གསུམ་མདོར་འཁྲུངས། ལོ་ལྔ་པར་གཉག་ཆེན་བསོད་ནམས་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། བཅུ་གཅིག་པར་མཁན་པོ་དོན་གྲུབ་དཔལ་ལྡན་ལས་དགེ་ཚུལ་བསྒྲུབས། བཅུ་དགུ་པར་མཁན་པོ་ཡོན་ཏན་རྒྱ་མཚོ་དང་། དཔལ་ལྡན་བརྩོན་འགྲུས་གཉིས་ལས་བསྙེན་པར་རྫོགས། ས་སྐྱར་ཕེབས། ཉ་དབོན་ཀུན་དགའ་དཔལ་བ་དང་། ཀུན་མཁྱེན་གངས་པ། དཔལ་ལྡན་བླ་མ། མཁན་ཆེན་བྱང་སེམས། མ་ཏི་པཎ་ཆེན། རྒྱལ་སྲས། ཐེག་ཆེན་ཆོས་རྗེ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་བཅས་ལས་རིམ་བཞིན་ཚད་མ་དང་། བདེ་མཆོག དུས་འཁོར། སྦྱོར་དྲུག། ལས་སྦྱོར་དྲུག། སེམས་བསྐྱེད། ལམ་འབྲས། དཔེ་འགྲེམས་སུམ་བརྒྱ་བཅས་གསན། གསང་ཕུ་དང་རྩེད་ཐང་གི་གྲྭ་སྐོར་མཛད། མཁན་ཆེན་བརྩོན་འགྲུས་དཔལ་ཡང་རིགས་པས་བཅོམ། བཟང་ལྡན་དགེ་འཕེལ་གྱི་གྲྭ་ཚང་བཙུགས། འཆད་ཉན་ལོ་བཅུ་དྲུག་རིང་བསྐྱངས། སློབ་བུ་སུམ་བརྒྱ་ཙམ་འདུས། ཇོ་གདན་དགེ་འདུན་སྒང་པའི་མཁན་པོ་མཛད། གོ་གསུམ་པ་རབ་བྱུང་བདུན་པའི་ཆུ་གླང་ཕྱི་ལོ་ ༡༤༣༣ ལོར་སྐུ་གཤེགས། གྲགས་ཆེའི་སློབ་མ་ནི་ཆོས་བཟང་ཉི་མ་དང་། དཀའ་བཅུ་པདྨ་བཟང་པོ། ཀརྨ་དེ་བཞིན་གཤེགས་པ། ཀརྨ་མཐོང་བ་དོན་ལྡན། རོང་ཆེན་སྨྲ་བའི་སེང་གེ་བཅས་ཡིན། གསུང་རྩོམ་ལ་འདུལ་བའི་དཀའ་འགྲེལ་བདུད་རྩི་ཉིང་ཁུ་དང་། ཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་པོ་དོན་གསལ། རྣམ་འགྲེལ་གྱི་ཊཱིཀྐ། དགག་ལན་ལུང་རིགས་གཏེར་མཛོད། ལུང་སྡེ་བཞི་སོ་ཐར་གྱི་མདོའི་མཆན་འགྲེལ། རྒྱུད་བླ་མའི་ཊཱིཀ་བཅས་བཞུགས། མཚན་གཞན། གཉག་ཕུ་བ་བསོད་ནམས་བཟང་པོ།

{{#arraymap:མཁན་ཆེན་བསོད་ནམས་བཟང་པོ་

|; |@@@ | | }}