50641

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་བྱམས་པ་ལེགས་ཚོགས་ (1)
Part of speech མིང་ཚིག
Definition མཁན་ཆེན་བྱམས་པ་ལེགས་ཚོགས་ནི། དབུས་ཀྱི་གཡོ་རུ་སྟེ། ལྷོ་ཁ་གོང་དཀར་རྫོང་རྒྱལ་གྲུབ་གླིང་གི་ས་ཡི་ཆར་མལ་ཆ་ལེབ་པ་ཞེས་པའི་ཁྱིམ་དུ་ཡབ་བུ་ཨ་ནི་དང་། ཡུམ་རྡོ་རྗེ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༩ ལོར་སྐུ་འཁྲུངས། དགུང་ལོ་བརྒྱད་པར་གོང་དཀར་ཆོས་སྡེའི་དགོན་པར་ཚོགས་བཞུགས་མཛད་པར། ཨ་ཁུ་བརྩོན་འགྲུས་ལགས་ནས་རྒྱུན་གཏན་གྱི་འཚོ་བའི་ལྟ་རྟོག་གི་ཐུགས་འགན་བཞེས། དེ་ནས་ཡི་གེ་འབྲི་ཀློག་ནས། འདོན་ཆོག་གསང་སྔགས་ཀྱི་ཆོ་གའི་རྟ་དབྱངས། ཐིག་རྡུལ་ཚོན་སོགས་ལ། སྦྱངས་ནས་ཡོངས་རྫོགས་ཚོགས་གཞུང་དུ་རྒྱུགས་འབུལ་མཛད། མི་རིང་བར་ཁུ་བོ་དགོངས་པ་རྫོགས་པས། རེ་ཞིག་དཔལ་ཁང་གླིང་གཟིམས་ཤག་སོགས་སུ་གནས་གཡར་ནས་བཞུགས། དེ་རྗེས་ཕ་མ་གཉིས་ནས་རིན་ཆེན་རྒྱན་འཕེལ་ཞེས་པའི་གཟིམ་ཤག་རྙིང་པ་རྒྱ་ཁྱོན་ཆུང་ཆུང་ཞིག་བླུ་ཉོ་གནང་ནས་འབུལ་བར་གནང་། མཁན་ཆེན་ཡེ་ཤེས་དཔལ་བཟང་དང་། བླ་མ་འཇམ་དཔལ་ལུང་རྟོགས། མི་ཉག་སྐྱོར་དཔོན་རིན་པོ་ཆེ་སོགས་ལས། སུམ་རྟགས་དག་གསུམ་སོགས་ནས་གཞུང་ཆེན་པོ་དག་ལ་གསན་བསམ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་བརྒྱད་པ། ཕྱི་ལོ་ ༡༩༥༨ ལོར་བཀྲིས་འབྲངས་སྤུངས་ཁང་ཚན་གྱི་མཁན་པོར་མངའ་གསོལ། དབུ་རྩེ་བླ་མ་ལྷ་ཁང་གི་རྡོ་རྗེ་སློབ་དཔོན་ཀྱི་ཐུགས་འགན་བཞེས་ཏེ། རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་སྒྲུབ་མཆོད་ཁག་དང་། རྫོང་ལུགས་ཀྱི་ལམ་འབྲས་སོགས་ཐུན་མོང་ཐུན་མིན་གྱི་དབང་ལུང་ཁྲིད་ཆ་ལག་དང་བཅས་པ། རྡོ་རྗེ་གདན་པ་འཇམ་དཔལ་ལུང་རྟོགས་དང་། ཡོངས་འཛིན་འཇམ་དཔལ་མདོ་སྔགས། གསང་སྔགས་མཁར་མཁན་ཆེན་བརྩོན་འགྲུས་རིན་ཆེན། དགེ་བའི་བཤེས་གཉེན་ཡེ་ཤེས་དཔལ་བཟང་སོགས་ཀྱི་དྲུང་ནས་གསན་བསམ་མཐར་ཕྱིན་པ་དང་ཚོགས་ཆེན་མཁན་པོར་མངའ་གསོལ། དེ་རྗེས་རྒྱ་ནག་གིས་བཙན་འཛུལ་དང་རིག་གནས་གསར་བརྗེའི་ཁྲོད། རྒྱལ་གྲུབ་གླིང་ཤང་གི་ཞིང་སྲུང་དང་འབྲུ་སྲུང་། ཡང་དེ་རྗེས་མ་བྱན་དང་། གོང་དཀར་རྫོང་གློག་ཁང་གི་ཆུ་འགོག་ལྟ་སྲུང་སོགས་བཙན་གྱིས་མཛད་དགོས་བྱུང་ཡང་དགེ་སྦྱོར་ཐུགས་དམ་རྣམས་ལྐོག་ཏུ་ཆག་མེད་དང་། གཞན་ཕན་སོགས་དད་ལྡན་དག་གིས་རེ་བ་བསྐྱངས། དེ་ནས་ཕྱི་ལོ་ ༡༩༨༢ ལོ་ཙམ་ནས་རྒྱལ་གྲུབ་གླིང་པའི་ཆོས་སྡིངས་རི་ཁྲོད་ཉམས་གསོ་བརྩམས་པ་དང་། ཕྱི་ལོ་ ༡༩༨༥ ལོར་གདན་ས་ཆེན་པོ་གོང་དཀར་ཆོས་སྡེ་རྩིས་བཞེས་དང་། ཕྱི་ལོ་ ༡༩༨༥ བོད་ཟླ་ ༧ ཚེས་ ༡༤ ཉིན་གདན་སར་བྱོན་ཏེ། ཚེས་ ༡༥ ཉིན་བྱིས་པ་བཅུ་ལྷག་གཙུག་ཕུད་བཞེས་ཏེ་བསྟན་པའི་སླར་གསོའི་མཛད་འཕྲིན་བརྩམས། ལོ་དེའི་བོད་ཟླ་ ༡༠ ནང་པཎ་ཆེན་རིན་པོ་ཆེ་དགོན་པར་གདན་ཞུ་མཛད་དེ། དགོན་པའི་ལོ་རྒྱུས་སྙན་སྒྲོན་ལེགས་པར་ཕུལ། མཐར་མཁན་ཆེན་ཉིད་དགུང་གྲངས་ ༥༦ ཕྱི་ལོ་༡༩༨༥ བོད་ཟླ་ ༡༢ ཚེས་ ༦ ཉིན་དགོངས་པ་གཞན་དུ་གཤེགས།

{{#arraymap:མཁན་ཆེན་བྱམས་པ་ལེགས་ཚོགས་

|; |@@@ | | }}