50642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་བླ་མ་ཀུན་བཟང་དཔལ་ལྡན་ (1)
Part of speech མིང་ཚིག
Definition བཤད་གྲྭ་ནོར་བུའི་ལྷུན་པོའི་མཁན་རབས་དང་པོ་ཡིན། ཁོང་གིས་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དང༌། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་ལས་མདོ་སྔགས་ཀྱི་ལྟ་གྲུབ་ཟབ་མོའི་གནད་རྣམས་ཐོས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་བསམ་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། ཐུགས་རྒྱུད་བྱང་ཆུབ་སེམས་ཀྱི་རྒྱུད་བརླན་པས་རིས་མེད་ཀྱི་བསྟན་འགྲོ་ཡོངས་ལ་མ་ལྟར་བརྩེ་བས་སྐྱོང༌། འཇམ་དབྱངས་བླ་མ་མི་ཕམ་ཆོས་རྗེའི་བཀའ་བཞིན་ཀཿཐོག་རྡོ་རྗེའི་གདན་དུ་བཤད་སྒྲུབ་ནོར་བུའི་ལྷུན་པོ་གསར་འཛུགས་ཀྱི་མཁན་པོ་མཛད་དེ་སྔ་འགྱུར་རིང་ལུགས་དྲི་མ་མེད་པའི་གནད་རྣམས་ཀྱི་གཞུང་བཤད་ཞིབ་ཏུ་སྩལ། སྐྱབས་རྗེ་སི་ཏུ་རིན་པོ་ཆེ་ལས་གསར་རྙིང་རིས་མེད་ཀྱི་སྨིན་གྲོལ་རྒྱ་ཆེར་གསན་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། སྔོན་གྱི་མཁས་པ་ཆེན་པོ་ཧོར་པོ་ཤཱཀྱ་རྡོ་རྗེའི་བཞུགས་ཁང་ས་མལ་ངོས་འཛིན་གནང་ནས་དེའི་སྐྱེ་བར་ཞལ་གྱིས་བཞེས། ཀཿཐོག་ཏུ་སློབ་མའི་གཙོ་བོ་མཁས་པ་ཆེན་པོ་སྐལ་བཟང་དབང་ཕྱུག་དང༌། མཁན་ཆེན་ལེགས་བཤད་འབྱོར་ལྡན་སོགས་མཁས་པ་མང་པོ་བྱོན། དགུང་ལོ་གྱ་གཉིས་བར་བཞུགས་ནས་འཆད་རྩོད་བརྩམ་པའི་འཕྲིན་ལས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང༌། རྫོགས་པ་ཆེན་པོའི་ཉམས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པར་མཛད་དོ། །

{{#arraymap:མཁན་ཆེན་བླ་མ་ཀུན་བཟང་དཔལ་ལྡན་

|; |@@@ | | }}