50646

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་རྡོ་རྗེ་རིན་ཆེན་ (1)
Part of speech མིང་ཚིག
Definition ཁོང་ནི། འཇམ་དབྱངས་ཆོས་རྗེ་ཀུན་དགའ་སེངྒེའི་དྲུང་དུ་ཆོས་བཀའ་རྫོགས་པར་གསན། མདོ་རྒྱུད་ལ་སྦྱངས་པ་ཆེ་ཞིང་སྒྲུབ་པ་ཡུན་རིང་མཛད། དཔལ་འཁོར་ལོ་སྡོམ་པ་སོགས་ཡི་དམ་ལྷ་ཡི་ཞལ་གཟིགས། འཇམ་དབྱངས་ཆོས་རྗེས་ཆོས་ཀྱི་རྒྱལ་སྲིད་གཏད་ཅིང༌། བློ་གྲོས་སེང་གེ་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་སྐུ་མ་བལྟམས་པའི་བར་དེར་ཡབ་རྗེ་ཞིང་དུ་ཕེབས་པས། དེའི་ཚེ་གདན་ས་ལ་རྗེ་འདི་ཉིད་བཞུགས་ནས་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །དེ་ཙམ་ལས་རྣམ་ཐར་ཞིབ་པ་མ་མཐོང་ཡང་མདོར་ན། བཀའ་བརྒྱུད་ཕྱག་མཆོད་དུ། བསླབ་གསུམ་ཉེས་ལྟུང་སྐྱོན་མེད་ཅིང༌། །བྱང་ཆུབ་སེམས་ལ་དབང་འབྱོར་བས། །འགྲོ་ཀུན་ཟབ་མོའི་ལམ་ལ་སྦྱོར། །རྡོ་རྗེ་རིན་ཆེན་ལ་ཕྱག་འཚལ། །ཞེས་དང༌། རྒྱལ་དབང་རྗེས་མཛད་པའི་ཕྱག་ཆེན་གསོལ་འདེབས་ངེས་དོན་དཔའ་བོའི་རྒྱང་གླུ་ལས། བསླབ་གསུམ་གྱི་མེ་ཏོག་འཁྲུངས་པའི་ས། །དྲིན་ཆེན་བཛྲ་རཏྣ་ལ་གསོལ་བ་འདེབས། །ཞེས་སོགས་བསྟོད་བསྔགས་མང་དུ་གནང་བའི་སྐྱེས་བུ་དམ་པ་ཞིག་ཡིན་ནོ། །

{{#arraymap:མཁན་ཆེན་རྡོ་རྗེ་རིན་ཆེན་

|; |@@@ | | }}