50649

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་ལེགས་བཤད་འབྱོར་ལྡན་ (1)
Part of speech མིང་ཚིག
Definition ཀཿཐོག་བཤད་གྲྭ་ནོར་བུའི་ལྷུན་པོའི་མཁན་རབས་གསུམ་པ། ཁོང་ནི་ལྕགས་མདུད་ཉག་སྐེད་འབྱུང་ཁུངས་ཡོན་ཏན་དགོན་གྱི་ཉེ་འདབས་སུ་ཉག་དཔོན་མགོན་པོ་རྣམ་རྒྱལ་གྱི་སྟག་ཟན་ཚེ་རིང་ནོར་བུ་དང་། ཡུམ་ལྕགས་མདུད་རྒྱུད་པ་བོ་ཆུང་ཞེས་པའི་སྲས་སུ་རབ་ཚེས་ས་བྱི་ཕྱི་ལོ་ ༡༨༨༨ ལོར་སྐུ་འཁྲུངས། ཆུང་ནས་དམ་པའི་མཚན་རྟགས་མངའ་ཞིང་སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་བཀའ་བཞིན་ཀཿཐོག་ཏུ་ཕེབས་ནས་བཤད་སྒྲུབ་ནོར་བུའི་ལྷུན་པོར་ལོ་ལྔ་བཞུགས། མཁས་པའི་ཡོན་ཏན་ཡོངས་སུ་རྫོགས། སི་ཏུ་རིན་པོ་ཆེ་དང༌། མཁན་ཆེན་ཀུན་བཟང་ཆོས་གྲགས། ཀུན་མཁྱེན་ངག་དབང་དཔལ་བཟང༌། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་ཆེན་ཨ་སྟོབས་རིན་པོ་ཆེ་རྒྱལ་མཚན་འོད་ཟེར་སོགས་ཀྱི་མདུན་ནས་རང་ལུགས་གཙོ་བོར་གྱུར་པའི་སྔ་འགྱུར་བཀའ་གཏེར་རྣམས་ཀྱི་དབང་ཁྲིད་གདམས་པ་ཡོངས་རྫོགས་བུམ་པ་གང་བྱོས་ཀྱི་ཚུལ་དུ་གསན། མཁྱེན་རབ་ཀྱི་རྩལ་ཡོངས་སུ་རྫོགས་ནས་ཀཿཐོག་རྒྱུད་སྡེའི་བཤད་གྲྭ་མཁན་པོ་ལོ་བདུན་མཛད། སློབ་མའི་གཙོ་བོ་ནུས་མཁྱེན་བརྩེའི་བློ་གྲོས་སོགས་གྲགས་པ་ཅན་གྱི་མཁས་པ་ཆེན་པོ་བཅུ་གསུམ་བྱོན། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང༌། ལྕགས་མདུད་ཤེས་རབ་རྒྱལ་མཚན། ཧོར་པོ་ཤཱཀྱ་རྒྱལ་མཚན་སོགས་ཀྱི་སྐུ་སྐྱེར་གྲགས། སི་ཏུ་རིན་པོ་ཆེ་གཤེགས་རྗེས་ཀཿཐོག་ཏུ་གཞི་བྱེས་ཀྱི་མཁན་སྤྲུལ་དམ་པ་རྣམས་དང་གྲྭ་འཁོར་ཡོངས་ལ་སྨིན་གྲོལ་དགའ་སྟོན་བར་མ་ཆད་དུ་གནང་བས་ལུང་རྟོགས་བསྟན་པའི་རྒྱལ་ཚབ་ཏུ་བཞུགས། བསྐྱེད་རྫོགས་ཐུན་མོང་དང་ཁྱད་པར་རྫོགས་ཆེན་ཁྲེགས་ཆོད་ཀྱི་ཉམས་བཞེས་མཐར་མཐའ་ཕྱིན། ཕྱི་ལོ་ ༡༩༤༩ རབ་རྒྱལ་ས་གླང་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་དགོངས་པ་རྫོགས།

{{#arraymap:མཁན་ཆེན་ལེགས་བཤད་འབྱོར་ལྡན་

|; |@@@ | | }}