50650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་ཆེན་ཤེས་རབ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ལྕགས་གླང་ཕྱི་ལོ་ ༡༤༢༡ ལོར་ཤབ་སྟག་འགྲམ་གྱི་གྲོང་སྤོ་ཁ་ཞེས་པར་འཁྲུངས། གདུང་རུས་དཀར་ཡིན། འདས་ལོ་མི་གསལ། གཞོན་དུས་ནས་རབ་ཏུ་བྱུང། རྗེ་དགེ་འདུན་གྲུབ་ལས་སྡེ་སྣོད་འཛིན་པར། རྩེ་ཐང་དུ་པོ་ཏི་བཅོ་བརྒྱད་ཀྱི་གྲྭ་སྐོར་མཛད། མཐིལ་དུ་ཆོས་རྗེ་བསོད་ནམས་མཆོག་གྲུབ་པ་དང་མཇལ། ཆོས་རྗེ་བྱམས་པ་གླིང་པ་ལས་སྒྲ་བསླབས། དགའ་ལྡན་དུ་རྒྱུད་ཆེན་སྦྱིན་པ་དཔལ་ལས་གསང་འདུས་ཀྱི་རྒྱུད་འགྲེལ་རྫོགས་པར་གསན། སླར་གཙང་གི་སྣར་ཐང་དུ་མཚན་ཉིད་ལ་ཐོས་བསམ་གནང་། བྱང་ཆུབ་ཆེན་པོའི་དབེན་གནས་དང་། རྐང་བཞུ་ཕུའི་དབེན་གནས་སོགས་སུ་སྒྲུབ་པ་ཉམས་ལེན་མཛད། རྗེ་དགེ་འདུན་གྲུབ་ཀྱི་བཀའ་ལུང་ནན་ཕེབས་བཞིན་ང་གསུམ་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ཕྱི་ལོ་ ༡༤༧༣ ལོར་སྣར་ཐང་གདན་ཁྲིར་ཕེབས། གདན་ས་ལོ་ངོ་བཅུ་བཞིའི་རིང་བསྐྱངས། དེ་རྗེས་དབེན་གནས་སུ་ཐུགས་དམ་རྩེ་གཅིག་ལ་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་བཅུ་དགུ་པ་ཡིན།

{{#arraymap:མཁན་ཆེན་ཤེས་རབ་རྒྱལ་མཚན་

|; |@@@ | | }}