50673

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁན་བརྒྱུད་ (1)
Part of speech མིང་ཚིག
Definition དགོན་པ་གྲྭ་ཚང་སོ་སོའི་མཁན་པོ་རིམ་བྱུང་ལ་གོ །

{{#arraymap:མཁན་བརྒྱུད་

|; |@@@ | | }}

མཁན་བརྒྱུད་ (2)
Part of speech མིང་ཚིག
Definition རབ་བྱུང་གི་སྡོམ་རྒྱུན། སངས་རྒྱས་ཀྱི་བསྟན་པའི་རྩ་བ་སོ་སོ་ཐར་པའི་སྡོམ་རྒྱུན་འདུལ་འཛིན་དམ་པ་གཅིག་ནས་གཅིག་ཏུ་བྱོན་པའི་ཚུལ་ལ་གོ ། སངས་རྒྱས་བཅོམ་ལྡན་འདས་ནས་རང་གི་མཁན་པོའི་བར་གྱི་བྱུང་རིམ་མའམ་མཛད་རྣམ་སྟེ། དཔེར་ན་སྨད་འདུལ་གྱི་སྡོམ་རྒྱུན་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས། འཕགས་པ་ཤཱ་རིའི་བུ། འཕགས་པ་སྒྲ་ཅན་འཛིན། བྲམ་ཟེའི་བཙུན་པ་སྒྲ་ཅན་འཛིན་བཟང་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། སློབ་དཔོན་ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། དེའི་མཁན་བུ་རྦ་རཏཱ། གཙང་རབ་གསལ། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེད་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོ་གྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་འཛིན་པ་བརྩོན་འགྲུས་འབར། རྩིས་འདུལ་བ་འཛིན་པ་གཞོན་ནུ་སེང་གེ གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས། གྲགས་པ་ཤེས་རབ། མཁན་ཆེན་བློ་བཟང་གྲགས་པ། དེའི་མཁན་བུ་ཀུན་དགའ་རྒྱལ་མཚན། སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ། དེ་ལྟར་གྲོ་སྟོན་བདུད་རྩི་གྲགས་ནས་བཟུང་རྗེ་འདིའི་བར་དུ་བྱོན་པའི་མཁན་བརྒྱུད་རྣམས་ནི་དཔལ་སྣར་ཐང་གི་གདན་སར་ཕེབས་པ་ཤ་སྟག་སྟེ། ཇོ་བོ་རྗེས་ལུང་བསྟན་པ་བཞིན་འཕགས་པའི་གནས་བརྟན་གྱི་སྤྲུལ་པ་འབའ་ཞིག་ཡིན་པར་གསུངས་སོ། །དེའི་མཁན་བུ་ཕྱག་ན་པདྨོ་དགེ་འདུན་གྲུབ་པ། གནས་སྙིང་ཀུན་དགའ་བདེ་ལེགས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༌། ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོ། པཎ་ཆེན་དམ་ཆོས་ཡར་འཕེལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེ་ཤེས། ཡོངས་འཛིན་དཀྱིལ་ཁང་པ་བློ་བཟང་ཆོས་འཕེལ། དེའི་མཁན་བུ་པཎ་ཆེན་དཔལ་ལྡན་ཡེ་ཤེས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ། པཎ་ཆེན་བསྟན་པའི་ཉི་མ། ཕུར་ལྕོག་ཡོངས་འཛིན་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། ཕྱག་ན་པདྨོ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་དང༌། དེའི་མཁན་བུ་ཕྱག་ན་པདྨོ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའོ། །
Domain ཆོས་ལུགས།

{{#arraymap:མཁན་བརྒྱུད་

|; |@@@ | | }}