50743

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ (1)
Part of speech མིང་ཚིག
Definition ཤིང་བྱ་ཕྱི་ལོ་ ༧༤༥ ལོར་ཡབ་མཁར་ཆེན་དཔལ་གྱི་དབང་ཕྱུག་དང་། ཡུམ་གནུབ་བཟའ་དགེ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་ཡས་མས་ཙམ་ན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོར་གྱུར། ཆུ་ཡོས་ཕྱི་ལོ་ ༧༦༣ ལོར་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་པ་དང་སློབ་དཔོན་གྱི་བཙུན་མོར་ཕུལ། དེ་ནས་བཟུང་དམ་ཆོས་སྤྱི་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་ཁོ་ནས་དུས་མདའ་བར་མཛད། མཁའ་འགྲོ་སྙིང་ཐིག་འདི་ལས་བྱུང་། གསང་སྔགས་ཀྱི་ལམ་ནས་གྲུབ་པ་ཐོབ་པའི་བུད་མེད་ཐོག་མའང་ཡིན། མཐར་དགུང་ལོ་དྲུག་ཅུ་པ་ཤིང་སྤྲེལ་ཕྱི་ལོ་ ༨༠༤ ལོར་སྐུ་གཤེགས།
Synonyms མཁར་ཆེན་བཟའ་མཚོ་རྒྱལ། བདེ་ཆེན་རྒྱལ་མོ།

{{#arraymap:མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་

|; |@@@ | | }}