50886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་མེ་ཡོས་གོང་གི་བགྲང་བྱ་ཞེ་དགུ་པ་ས་སྟག་ཕྱི་ལོ་ ༩༧༨ ལོར་སྙེ་མོ་ར་མང་དུ་ཡབ་སྟག་སྐྱེས་དང་། ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་པར་རྒྱ་བོད་ཡི་གེའི་འབྲི་ཀློག་ལ་བྱང་། དུས་ཀྱི་འཁོར་ལོ་ལ་མཁས། བཅུ་གསུམ་པར་སློབ་དཔོན་གཡུང་དྲུང་རྒྱལ་བ་ལས་བོན་ཆོས་མཁས་པར་བསླབས། བླ་མ་འབྱུང་གནས་སེང་གེ་ལས་རྫོགས་ཆེན་སེམས་སྡེའི་སྐོར་མང་དུ་གསན། བལ་ཡུལ་དུ་པཎྜི་ཏ་པ་སུ་མ་ཏི་ལས་ལོ་ཙཱ་བསླབས། ལོ་ངོ་ལྔ་བཅུའི་རིང་རྒྱ་བལ་བོད་གསུམ་དུ་ལོ་ངོ་ལྔ་བཅུའི་རིང་འབྱོན་བཞུད་མཛད། རྒྱ་བལ་དུ་བླ་མ་མཁས་པ་དང་གྲུབ་ཐོབ་བརྒྱ་དང་ལྔ་བཅུར་བསྟེན། མདོ་སྔགས་ཀྱི་གཞུང་དང་མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། ཐུན་མོང་གི་བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་། མི་ཏྲི་བ། སྦས་པའི་རྣལ་འབྱོར། རཱ་ཧུ་ལ་སྟེ་བཞི། ཐུན་མིན་གྱི་བླ་མ་ཡེ་ཤེས་གྱི་མཁའ་འགྲོ་མ་ནི་གུ་མ། སུ་ཁ་སི་དྡྷི་སྟེ་དྲུག་པོ་དེ་གཙོ་བོར་མཛད། ནི་གུ་མ་ལས་སྒྱུ་ལུས་ཀྱི་ལམ་གྱི་དབང་དང་། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། སྒྱུ་མ་ལམ་རིམ་སོགས་གདམས་ངག་མང་དུ་གསན། མཻ་ཏྲི་བ་ལས་ཡེ་ཤེས་མགོན་པོའི་ཆོས་སྐོར་གསན། གླང་རི་ཐང་པ་རྡོ་རྗེ་སེང་གེ་ལས་བསྙེན་པར་རྫོགས། གཡས་རུ་ཤངས་སུ་ལོ་གསུམ་རིང་ཞང་ཞུང་གི་དགོན་པ་སོགས་དགོན་པ་བརྒྱ་དང་རྩ་བརྒྱད་བཏབ། དེ་ནས་ཤངས་པ་བཀའ་བརྒྱུད་དུ་གྲགས། གྲྭ་པ་ཁྲི་བརྒྱད་འདུས་པར་འཆད་ཉན་གནང་། ལོ་སུམ་བཅུའི་རིང་དུ་ཤངས་པ་བཀའ་བརྒྱུད་སྲོལ་བཏོད། རབ་བྱུང་གཉིས་པའི་མེ་ལུག་ཕྱི་ལོ་ ༡༡༢༧ ལོར་སྐུ་གཤེགས། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་མཆོག་གི་སྒྲོལ་མ་རལ་གཅིག་མའི་མན་ངག་གི་སྒྲུབ་ཐབས་དང་། སྙན་ངག་མཁན་རྟག་པའི་རྡོ་རྗེའི་མན་ངག་བྷ་གུ་པཎྜི་ཏའི་ཁྱད་ཆོས་བཅས་བཞུགས། སློབ་མ་གྲགས་ཆེ་བ་ནི་དྲི་མེད་ཤེས་རབ་ཀྱི་སྡོང་པོ་རྨེའུ་སྟོན་པ། ཕན་སེམས་ཡལ་ག་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེའི་ལོ་འདབ་དངུལ་སྟོན་རིན་དབང་། བྱམས་པའི་མེ་ཏོག་ལ་སྟོད་དཀོན་མཆོག་མཁར། འོད་གསལ་སྙིང་པོ་ཞང་སྒོམ་ཆོས་སེང་། སྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པ་རྨོག་ལྕོགས་པ་རིན་ཆེན་བརྩོན་འགྲུས་བཅས་ཡིན།

{{#arraymap:མཁས་གྲུབ་ཁྱུང་པོ་རྣལ་འབྱོར་

|; |@@@ | | }}