50888

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་གྲུབ་ཆེན་པོ་འཇམ་དཔལ་རོལ་བའི་བློ་གྲོས་ (1)
Part of speech མིང་ཚིག
Definition མདོ་སྨད་ཙོང་ཁའི་ཕྱོགས་སུ་སྐུ་འཁྲུངས། གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་སྡོམ་གསུམ་རིམ་གྱིས་མནོས། བོད་ཡུལ་དབུས་སུ་ཕེབས་ཏེ་འབྲས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། ལྷ་ལྡན་ཁུལ་ཏུ་གཞུང་གི་ལས་བྱེད་ཆེ་ཕྲ་མང་པོ་ལ། སུམ་རྟགས་ཀྱིས་མཚོན་པའི་རིག་གནས་ཁག་མང་པོ་དཔེ་ཁྲིད་རྒྱུན་རིང་གནང། སྔོན་ནས་ཞབས་འབམ་ལྟ་བུའི་སྙུན་གཞི་ཡོད་མུས་ཇེ་ལོད་ཀྱིས་ལྷ་ཁུལ་དུ་སྐུ་གཤེགས། གསུང་རྩོམ་སུམ་ཅུ་པའི་འགྲེལ་བ་རབ་གསལ་ཟླ་སྣང་ལྗགས་རྩོམ་གནང། སློབ་མ་ལྷ་ལྡན་སྨན་རྩིས་མཁན་པོ་མཁྱེན་རབ་ནོར་བུ་དང། རྩིས་དཔོན་ཀླུ་ཁང་པ། རྩིས་དཔོན་ཀ་ཤོད་ཡབ་སྲས། སེར་བྱེས་ཚ་བ་རྗེ་དྲུང་བློ་བཟང་འཕྲིན་ལས། འབྲས་སྒོ་མང་དགེ་བཤེས་དྲི་མེད་ཀུན་སྣང། རྩིས་དཔོན་སྙེ་མོ་རྒྱལ་བྱིད་ཡེ་ཤེས་ཆོས་འཕེལ་སོགས་མང་བ་བཅས་སོ། །

{{#arraymap:མཁས་གྲུབ་ཆེན་པོ་འཇམ་དཔལ་རོལ་བའི་བློ་གྲོས་

|; |@@@ | | }}