50907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་དབང་མཁྱེན་རབ་ནོར་བུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཆོ་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་ལྷོ་ཁར་ཡབ་ཀྲང་མགོ་ལེབ་དང་། ཡུམ་དབྱངས་ཅན་གཉིས་སུ་འཁྲུངས། དགུང་ལོ་ཆུང་དུས་ནས་རྩེ་ཐང་དུ་ཞུགས་གནང་། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བསླབས། དབུས་ཀྱི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་འཛུལ། གསོ་རིག་དང་རྩིས་རིག་ལ་སྦྱངས། སེར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་དང་། བཀྲས་ཁང་སྤྱི་ཁྱབ་མཁན་པོ་བྱམས་པ་ཐུབ་དབང་། འཚོ་བྱེད་རྡོ་རྗེ་རྒྱལ་མཚན། ཁུ་ནུ་བསྟན་འཛིན་རྒྱལ་མཚན་བཅས་ལས་མདོ་སྔགས་རིག་གནས་ཀུན་ལ་ལེགས་པར་སྦྱངས། ཉེར་དགུ་པར་འབྲས་སྤུངས་དགོན་གྱི་སྨན་སྦྱིན་བཤད་སྒྲ་དང་མཉམ་དུ་རྒྱ་གར་ལ་ཕེབས། སོ་གསུམ་པ་ལྕགས་རི་དང་སྨན་རྩིས་ཁང་གཉིས་ཀའི་འགན་ཁུར། འཆད་རྩོད་རྩོམ་གསུམ་གྱིས་བསྐྱངས། དོན་བདུན་པར་སྨན་རྩིས་ཁང་གི་འགན་འཛིན་དུ་བཞུགས། བརྒྱད་ཅུ་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ཕྱི་ལོ་ ༡༩༦༢ ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་སྐུ་གཤེགས། སློབ་ཚོགས་ལས་གྲགས་ཆེ་བ་ནི་བློ་བཟང་ཐབས་མཁས་དང་། འཇམ་དཔལ་མཐུ་སྟོབས། ཐུབ་བསྟན་དཔལ་འབར། རྣམ་གྲོལ་ཆོས་དབང་། བློ་བཟང་མཁས་མཆོག བྱམས་པ་ཆོས་གྲགས། དཔལ་ལྡན་རྒྱལ་མཚན་བཅས་ཡིན། གསུང་རྩོམ་ནི་གསོ་རིག་རྒྱ་མཚོའི་སྙིང་པོ་དང་དང་། སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྟེ་མ། བྱིས་པ་བཙའ་ཐབས་ཀུན་ཕན་ཟླ་བའི་མེ་ལོང་། རྒྱུད་ཀྱི་ས་བཅད་སྟག་མོའི་རྔམས་ཐབས། བཤད་རྒྱུད་ཀྱི་སྡོང་འགྲིམས་ཟླ་ཤེལ་ནོར་བུའི་མེ་ལོང་། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས། སྨན་སྦྱོར་བདུད་རྩིའི་བུམ་བཟང་བཅས་གསོ་རིག་གི་བསྟན་བཅོས་བཅོ་ལྔ་བཞུགས།

{{#arraymap:མཁས་དབང་མཁྱེན་རབ་ནོར་བུ་

|; |@@@ | | }}