51262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོ་རྟ་འཇིགས་མེད་མཁས་མཆོག་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་མདོ་སྨད་དབལ་ཤུལ་གྱི་རིགས་སུ་འཁྲུངས། ཆུང་དུས་ནས་གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། ཀུན་མཁྱེན་འཇིགས་མེད་དབང་པོ་ལས་སྡོམ་གསུམ་མནོས། ཆོས་ཀྱི་བདུད་རྩི་མང་དུ་མནོས། བླ་བྲང་བཀྲ་ཤིས་འཁྱིལ་ནས་གཞུང་ཆེན་ལྔ་ལ་ཐུགས་བརྩོན་མཛད། རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་བཞེས། ཨེ་ཝཾ་ཆོས་འཁོར་གླིང་དུ་དུས་འཁོར་བསྐྱེད་རྫོགས་སོགས་དང་། དབྱངས་ཅན་སྒྲ་མདོ་སོགས་ཐ་སྙད་རིག་གནས་སྦྱངས། སོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་ཁྲིར་བྱོན། འཆད་ཉན་ལོ་བརྒྱད་རིང་བསྐྱངས། ཁྲི་ཟུར་རྗེས་དཀར་པོ་གཤོང་རི་ཁྲོད་དང་། བྲག་དཀར་རྒྱུད་པ་གྲྭ་ཚང་གི་འཛིན་སྐྱོང་མཛད། འདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བཅུ་དགུ་པ་ཡིན།

{{#arraymap:མགོ་རྟ་འཇིགས་མེད་མཁས་མཆོག་

|; |@@@ | | }}