51560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་རིས་དཔལ་ལྡན་བསྟན་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ལྕགས་གླང་ཕྱི་ལོ ༡༦༠༡ ལོར་མངའ་རིས་སྤི་ཏི་གྲང་མཁར་དུ་འཁྲུངས། དབུས་སུ་ཕེབས། ཆོས་འཁོར་རྒྱལ་གྱི་གྲྭ་ཚང་ནང་ཚན་མངའ་རིས་གྲྭ་ཚང་དང་། རྒྱུད་སྨད་བཅས་སུ་ཞུགས། མདོ་སྔགས་རིག་གནས་ཀུན་ལ་ཐུགས་བརྩོན་མཛད། རྒྱུད་པ་དང་བྱང་རྩེའི་འཆད་ཉན་པ་མཛད། རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ཕྱི་ལོ ༡༦༥༥ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་བདུན་རིང་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་གོང་འཕེལ་མཛད། ཁྲི་ཟུར་རྗེས་མངོན་དགར་བཞུགས། རྭ་སྒྲེང་དང་། གསང་སྔགས་མཁར། གསལ་ཁང་བཅས་ལ་ཞལ་འཛིན་གནང་། དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ཕྱི་ལོ ༡༦༧༤ ལོར་སྐུ་གཤེགས། དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས། བདེ་གཤེགས་ལྷ་ཁང་གི་བྱང་ཕྱོགས་སུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཞི་བཅུ་པ་ཡིན།

{{#arraymap:མངའ་རིས་དཔལ་ལྡན་བསྟན་པ་རྒྱལ་མཚན་

|; |@@@ | | }}