51562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་རིས་བྱང་ཆུབ་དགེ་མཛེས་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་བྱི་ཕྱི་ལོ་ ༡༠༨༤ ལོར་ཡུལ་མངའ་རིས་ཡུལ་དུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་དང་། བསྙེན་པར་རྫོགས། ཚ་རོང་བ་ཇོ་སྟན་ནག་པོ་ལས་འདུལ་བ་སོགས་ཆོས་སྐོར་མང་དུ་མནོས། ཡར་ཀླུང་དུ་གཉགས་ལོ་ཙཱ་བ་ལས་ཤེར་ཕྱིན་བག་ཙམ་མཉན། བཙན་ཁ་བོ་ཆེ་ལས་བྱམས་ཆོས་སྡེ་ལྔ་སྦྱངས། ཕུ་ཆུང་བ་དང་། གླང་རི་ཐང་པ། ཀ་མ་པ་ཤེས་རབ་འོད། ཁམས་པ་ལུང་པ་བཅས་ལས་དབང་དང་གདམས་ངག་ཞུས། སྣེའུ་ཟུར་པ་ཡེ་ཤེས་འབར་ལས་བཀའ་གདམས་པའི་ལམ་རིམ་སོགས་ཆོས་སྐོར་མནོས། བྱ་ཡུལ་བ་གཞོན་ནུ་འོད་ལས་ཆོས་ཚན་འགའ་གསན། བྱེས་ཚད་དགོན་པ་ནས་སྒྲུབ་པ་ཉམས་ལེན་མཛད། ཐུགས་དམ་བཞུགས། གྱ་བཞི་པ་རབ་བྱུང་གསུམ་པའི་མེ་ཕག་ཕྱི་ལོ་ ༡༡༦༧ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྐོར་ཆེན་པ་ཡིན།

{{#arraymap:མངའ་རིས་བྱང་ཆུབ་དགེ་མཛེས་

|; |@@@ | | }}