5198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུ་བ་ (1)
Part of speech མིང་ཚིག
Definition སྐྱེས་པ་ཕོའི་ཁམས་དཀར་ལུས་ཟུང་བདུན་གྱི་དྭངས་མའི་སྙིང་ཁུའི་མིང་སྟེ།
Example བུད་མེད་དང་ཉལ་བོ་བྱེད་རྒྱུ་མང་དྲགས་ནས་ཁུ་བ་ཟད་ལྟ་བུ།
Synonyms སྐྱེས་བུའི་རྟགས་དང༌། ཁམས་དཀར་པོ། ཐིག་ལེ། སྟོབས་ལྡན། དྭངས་མ། ནུས་བྱེད། དབང་པོར་འགྲོ། བྱང་སེམས་དཀར་པོ། ཟླ་བ། ས་བོན་བཅས་ཡིན།

{{#arraymap:ཁུ་བ་

|; |@@@ | | }}

ཁུ་བ་ (2)
Part of speech མིང་ཚིག
Definition དངོས་རྫས་སོགས་བརླན་པར་བྱས་པ་དང་གདུས་པ་ལས་བྱུང་བའི་ཉིང་བཅུད་དེ།
Keyword True
Example ཤ་ཡི་ཁུ་བ། སྨན་གྱི་ཁུ་བ་ལྟ་བུ།

{{#arraymap:ཁུ་བ་

|; |@@@ | | }}