51989

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆིམས་ཐམས་ཅད་མཁྱེན་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༢༡༠ ལོར་མྱང་སྟོད་སྨོན་འགྲོའི་ཁ་འུར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་མཆིམས་རྡོ་རྗེ་སྤྲེལ་ཆུང་གི་བརྒྱུད་དུ་འཁྲུངས། གཞོན་དུས་ནས་རབ་བྱུང་བསྒྲུབས། དཔལ་ལྡན་གྲོ་མོ་ཆེ་ལས་བསྙེན་པར་རྫོགས། དཔལ་ལྡན་གྲོ་དང་། ཞང་སྟོན། མཆིམས་བློ་བརྟན་མཉམ་མེད། སངས་རྒྱས་སྒོམ་པ་སེང་གེ་སྐྱབས་བཞི་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་ཞུས། བཤེས་གཉེན་བཀྲ་ཤིས་སྒང་པ་བསྟེན། བྱང་སེམས་ཟླ་བ་རྒྱལ་མཚན་ལས་བརྒྱུད་པའི་ལྟ་བའི་མན་ངག་སོགས་གསན། གཙུག་ལག་ལ་མཁྱེན་རྒྱ་ཡངས་པར་གྱུར། ཆུ་མིག་ཆོས་འཁོར་གྱི་གྲལ་དབུ་མཛད། ཆོས་རྒྱལ་འཕགས་པ་སོགས་མཁས་པ་ཀུན་གྱིས་བཀུར། གནས་བརྟན་བཅུ་དྲུག་གི་ཡ་གྱལ་ཞིག་དང་། སངས་རྒྱས་སྨན་པའི་རྒྱལ་པོའི་སྤྲུལ་པར་གྲགས། བསྟན་པའི་རྩ་ལག་ཆེན་པོ། མཆིམས་ཐམས་ཅད་མཁྱེན་པ་ཞེས་གྲགས། བྱམས་མགོན་གསུང་བྱོན་མ་ཡང་འདིའི་རིང་བྱུང། སྣར་ཐང་གི་གདན་ས་ལོ་ངོ་སོ་དྲུག་བར་བསྐྱངས། རབ་བྱུང་ལྔ་པའི་ཤིང་བྱ་ཕྱི་ལོ་ ༡༢༨༥ ལོར་སྐུ་གཤེགས། གདུང་རྟེན་ནི་ལྔ་པ་གཡུ་རྩི་ཅན་དེ་ཡིན། སློབ་མ་གྲགས་ཆེ་བ་ནི་སྐྱེལ་ནག་བྲག་སེང་དང་། རྒྱང་རོ་པཎ་ཆེན། བཅོམ་ལྡན་རིག་པའི་རལ་གྲི་བཅས་ཡིན།
Synonyms མཆིམས་ནམ་མཁའ་གྲགས་པ།

{{#arraymap:མཆིམས་ཐམས་ཅད་མཁྱེན་པ་

|; |@@@ | | }}