52077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆེད་ལ་བྱམས་པ་སུམ་ཅུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཆེད་ལ་བྱམས་པ་སུམ་ཅུ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་རྩ་བའི་དམ་ཚིག་བརྒྱ་དང་དྲུག་ཅུའི་ཡ་གྱལ་མཆེད་ལྕམ་ལ་བཀུར་བའི་ཚུལ་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། མཆེད་ལ་བྱམས་པ་སུམ་ཅུ་ནི། མཆེད་བཞི་ལ་ལུས་ཀྱི་སྒོ་ནས་བརྡེག་པ་དང་། ཟས་ནོར་འཕྲོག་པ་དང་། གཟུངས་མ་ལ་སྤྱོད་པ་སྤང་། ལྟ་སྤྱོད་མཐོ་བ་ཁྱད་དུ་མི་གསད། དབང་ཐོབ་པ་སྔ་བ་དང་རྫོགས་པ་གོང་དུ་བཀུར། དམ་ཚིག་ཅན་ལ་གུས་པར་བྱ། མཆེད་ཀྱི་ཐུགས་དང་འགལ་བའི་སྤྱོད་ལམ་སྤང་། བཀུར་སྟི་བྱ། འབྱོར་པས་མཆོད། དུས་ཀུན་ཏུ་དགའ་ཞིང་སྤྲོ་བར་བྱའོ། །ངག་གི་སྒོ་ནས་རྫུན་དང་། ཕྲ་མ་དང་། ངག་འཁྱལ་དང་། ཚིག་རྩུབ་མི་སྨྲ། དཔག་པ་མི་སྨྲ། ངན་ཚུལ་མི་བརྗོད། སྙན་པར་སྨྲ། ཞེ་ས་དང་བཅས་པ་སྨྲ། གསོང་པོར་སྨྲ། སྲི་ཞུའི་སྒྲ་དང་བཅས་ཏེ་སྨྲ་བར་བྱའོ། །སེམས་ཀྱི་སྒོ་ནས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གིས་ཀུན་ནས་བསླངས་པའི་སེམས་སྤང་ཞིང་། ངན་སེམས་དང་། སྤྱོད་སེམས་དང་། གནོད་སེམས་སྤང་། མིག་འབྲས་ལྟར་བལྟ་ཞིང་གདུང་སེམས་དང་ལྡན་པར་བྱ་སྟེ། དྲིལ་བས་མཆེད་ལ་བཀུར་ཚུལ་སུམ་ཅུའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཆེད་ལ་བྱམས་པ་སུམ་ཅུ་

|; |@@@ | | }}