52206

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཆོད་དཔོན་བློ་བཟང་མཐུ་སྟོབས་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་མི་གསལ། མཆོད་དཔོན་དུ་བཞུགས་རྗེས་རིག་གནས་དང་། ཆོས་གཞུང་བཅས་ལ་ནང་བྱན་ཆུད། རབ་བྱུང་བཅུ་གཅིག་པའི་ས་བྱ་ཕྱི་ལོ་ ༡༦༦༩ ལོའི་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་རྒྱལ་དབང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོས། རབ་བྱུང་བཅུ་གཅིག་པའི་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་དགུང་གསར་མཛད་སྒོའི་སྐབས་དགའ་ལྡན་ཕོ་བྲང་གི་ལས་འཛིན་ཀུན་གྱིས་རིན་ཆེན་རྒྱན་གོས་གྱོན་དགོས་པའི་སྲོལ་བཙུགས། རྒྱབ་གནོན་གྱི་ཡིག་ཆ་མཛད། རབ་བྱུང་བཅུ་གཅིག་པའི་ཤིང་སྟག་ཕྱི་ལོ་ ༡༦༧༤ ལོའི་བོད་ཟླ་གསུམ་པར་ས་སྐྱའི་བདག་མོ་བཀྲ་ཤིས་ཀྱི་གླེང་བརྗོད་ལས་སྡེ་སྲིད་ལས་ཕབ། སྐལ་ཟངས་རི་བསྩལ་བས་ཟངས་རི་བློ་བཟང་མཐུ་སྟོབས་ཞེས་འབོད། ལོ་ངོ་ལྔའི་རིང་སྡེ་སྲིད་ཀྱི་ལས་ཀ་མཛད། དགའ་ལྡན་ཕོ་བྲང་ལ་ཞབས་ཏོག་བསྒྲུབས། འདས་ལོ་མི་གསལ། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་གསུམ་པ་ཡིན།
Synonyms ཟངས་རི་བློ་བཟང་མཐུ་སྟོབས།

{{#arraymap:མཆོད་དཔོན་བློ་བཟང་མཐུ་སྟོབས་

|; |@@@ | | }}