5273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུག་རྟ་ (1)
Part of speech མིང་ཚིག
Definition ཆར་སྡོད་བྱིའུ་ཡང་ཟེར་བའི་བྱེའུའི་རིགས་ཤིག་སྟེ། ཁུ་བྱུག་ལས་ཆུང་ཞིང་ཅོ་ག་ལས་ཆེ་བ་མཇུག་མའི་རྩེ་མ་གཏོགས་དབྱིབས་སོགས་ཁུ་བྱུག་འདྲ་བ་དང་། ལུས་ཀྱི་སྟོད་ཆ་ཁམ་ཁྲ་དང་སྐེད་པ་དང་མཇུག་མའི་སྒྲོ་མདོག་སྐྱ་ལ་མཇུག་སྒྲོ་རྩེ་གཉིས་ལྟ་བུར་ཁ་གཉིས་སུ་གྱེས་ཡོད་པ། གཤོག་པའི་སྒྲོ་སྨུག་པོ་ཕྲ་ཐིག་ཆུང་བ་ཡོད་ལ་ལུས་ཀྱི་སྨད་ཆ་དང་བྲང་ངོས་དང་རྩིབ་ལོགས་དཀར་པོ་ཡིན་པ། མགོ་བོ་ཆུང་ཞིང་མཆུ་ཡང་ཐུང་ལ་རྩེ་རྣོ་བ་ཡིན། རྒྱུན་དུ་ནགས་ཁུལ་དུ་གནས་ཤིང་ཁུ་བྱུག་གི་སྔོན་ཙམ་ལ་ཡོང་བ་དང་། ཕར་ཚུར་འཕུར་སྐབས་ཁྱུ་བྱས་ཏེ་འཕུར་བ་མ་ཟད་དགུན་དུས་ས་བབ་དམའ་ཞིང་དྲོ་བའི་ནགས་ཁུལ་གྱི་བྲག་སྐྱིབས་དང་ཤིང་གསེབ་ཏུ་སྡོད་པ་དང་། ཟས་སུ་གཙོ་བོ་འབུ་སྲིན་གྱི་རིགས་དང་ཤིང་འབྲས་སྣ་ཚོགས་ཟ་བ་ཡིན།
Keyword True
Synonyms ཁ་ལ་ཡུག ཆར་ལྟ་དགའ་བའི་སིལ་སྙན། ཆར་དགའ། སྒྲ་སྒྲོག ཆར་སྡོད་བྱེའུ། ཆར་འདོད་བྱེའུ། བྱེའུ་ཆར་འདོད། ཆུ་ཉུང་། ཐུབ་པའི་བུ། བཟང་མོ། འདམ་ར་བ། འདམ་བྱེའུ། སྤྲིན་འདེགས། སྤྲིན་ལ་སློང་། སློང་བྱེད། ཙཱ་ཏ་ཀ འདག་བྱེའུ། ཆར་སྡོད།

{{#arraymap:ཁུག་རྟ་

|; |@@@ | | }}