52967

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐུན་ཕྱོགས་ (1)
Part of speech མིང་ཚིག
Definition ཕྱོགས་གཅིག་པ་ཡིན་པའི་དོན།
Example མཐུན་ཕྱོགས་རྒྱལ་ཁབ་ལྟ་བུ།

{{#arraymap:མཐུན་ཕྱོགས་

|; |@@@ | | }}

མཐུན་ཕྱོགས་ (2)
Part of speech མིང་ཚིག
Definition ཆོས་ཅན་གང་ཡང་རུང་བ་ཞིག་གཞི་གང་ཡང་རུང་བ་ཡིན་པར་རིགས་པས་སྒྲུབ་པའི་ཚེ་རྟགས་རང་ཉིད་དང། ཆོས་ཅན་དེ་གཉིས་བསྒྲུབ་བྱའི་ཆོས་དེ་ཡིན་པར་ཆོས་མཐུན་པ་ཙམ་ལ་དེའི་མཐུན་ཕྱོགས་དང། ཆོས་ཅན་གང་ཡང་རུང་བའི་སྟེང་དུ་གཞི་གང་ཡང་རུང་བ་ཡོད་པར་རིགས་པས་སྒྲུབ་པའི་ཚེ་རང་ཉིད་དང་བསྒྲུབ་ཆོས་དེ་གཉིས་ཆོས་ཅན་དེའི་སྟེང་དུ་ཡོད་པ་ཙམ་ཆོས་མཐུན་པ་ལ་དེའི་མཐུན་ཕྱོགས་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་ཡོངས་འཛིན་རྟགས་རིགས་ལས། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ཚུལ་དང་མཐུན་པར་མི་རྟག་པས་མི་སྟོང་བ། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། མི་རྟག་པ་དང་དེ་སྒྲུབ་ཀྱི་མཐུན་ཕྱོགས་གཉིས་ཡིན་ཁྱབ་མཉམ་ཡིན་ཞེས་གསུངས་པའི་ཕྱིར། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལས། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་ཕྱོགས་སུ་བརྗོད་དོ། །ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:མཐུན་ཕྱོགས་

|; |@@@ | | }}

མཐུན་ཕྱོགས་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་དགུ་པ་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤུད་པ་དང་། །མཐུན་ཕྱོགས་མིག་སྐྱའི་གན་མཛོད་ནོར་གྱི་དཔྱ། །ཞེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:མཐུན་ཕྱོགས་

|; |@@@ | | }}