53145

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཐོང་བ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཞེ་སྡང་སྤངས་པས་བྱམས་པ་མཐོང་བ། གཏི་མུག་སྤངས་པས་ཡེ་ཤེས་མཐོང་བ། ང་རྒྱལ་སྤངས་པས་ཞི་བ་མཐོང་བ། འདོད་ཆགས་སྤངས་པས་སྦྱིན་པ་མཐོང་བ། ཕྲག་དོག་སྤངས་པས་ཡངས་པ་མཐོང་བ་དང་དྲུག་གོ ། དེ་ཡང་དཔོན་གསས་བླ་མའི་ཡོན་ཏན་གྱི་ཁྱད་པར་ལ་དཔེ་དོན་རྟགས་གསུམ་དང་མཚན་ཉིད་ལྡན་པ་བཞི་རུ་བཤད་པའི་རྟགས་དེ་ལ་ཡང་མཐོང་བ་ལྔ་དང་དོན་ཡོད་དྲུག་ཐོབ་པ་བཅུ་རུ་བཤད་པའི་ནང་གསེས་མཐོང་བ་ལྔ་དེ་ཡིན་ཏེ། དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས། དཔེ་ནི་བོན་ཉིད་སྟོང་པ་ལ། བོན་ཅན་མཚན་མས་མཚོན་པ་བཞིན། དུས་གསུམ་བདེ་བར་གཤེགས་པ་ཡི། དབྱིངས་ཉིད་ཀུན་ཏུ་བཟང་པོ་ལ། མཚན་དང་དཔེ་བྱད་མ་མཆིས་ཀྱང་། འགྲོ་བ་སེམས་ཅན་དོན་ཆེད་དུ། མེད་ལ་ཡོད་མཐོང་རྫོགས་སྐུ་གསལ། རྫོགས་སྐུ་ཉི་ལྟར་ཀུན་སྙོམས་ཀྱང་། སེམས་ཅན་མ་རིག་འདུལ་བའི་ཕྱིར། གང་ལ་གང་འདུལ་སྤྲུལ་སྐུར་བསྟན། མ་སྲིད་སྲིད་པ་རིན་པོ་ཆེ། བསྐལ་བ་དུ་མའི་སངས་རྒྱས་ཀྱང་། བླ་མ་དག་ལ་བརྟེན་ནས་བྱོན། དེ་ཕྱིར་བླ་མ་གཙོ་རུ་འཛིན། དོན་ནི་ཡིད་བཞིན་ནོར་བུ་ལ། གང་གིས་སྨོན་ལམ་ཐེབས་པ་བཞིན། བླ་མ་དམ་པ་བསྟེན་བྱས་ནས། དགོས་འདོད་ཡོན་ཏན་ཤུགས་ལས་འབྱུང་། རྟ༵གས་ནི་སྦྱངས་ལ་སྔོན་སོང་བས། ད་ལྟ་བཀུར་བའི་ཞིང་དུ་གྱུར། དེ་ཡང་རྟགས་ཀྱི་སྦྱངས་ཐོབ་ནི། མཐོང་བ་ལྔ་དང་དོན་ཡོད་དྲུག ཚད་མེད་བཞི་ལྡན་ཐོབ་པ་བཅུ། ཐབས་ལ་བརྟེན་པས་རྒྱལ་རྟགས་གཅིག ཉི་ཤུ་རྩ་གཅིག་དོན་རྟགས་ལྡན། དེ་ལ་མཚན་ཉིད་བཅུ་བརྒྱན་ན། མཚན་ལྡན་བླ་མ་དམ་པ་ཞེས། དབང་ལུང་མན་ངག་འབྱུང་བའི་གནས། ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །
Domain ཆོས་ལུགས།

{{#arraymap:མཐོང་བ་ལྔ་

|; |@@@ | | }}