53485

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་བ་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་དཀྱིལ་དུ་མདོ་བ་ཡར་ནང་དུ་འཁྲུངས། དགུང་ལོ་ཉེར་དྲུག་བར་དུ་བྱ་ཁྱུང་དགོན་པའི་སྤྱི་སོའི་རང་འཐག་པ་མཛད། དཔེ་ཆ་ལ་གཟིགས་དུས་ཁོམ་མ་བྱུང་། ཉེར་བདུན་པར་སེར་བྱེས་གྲྭ་ཚང་དུ་ཞུགས། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། དཀའ་ཆེན་ཡོངས་འཛིན། དགེ་བཤེས་ཐོགས་མེད། བླ་མ་འཇམ་དབྱངས་པ། ཀོང་ཡེ་དཀའ་བཅུ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་མཛད། སེར་བྱེས་གླིང་བསྲེའི་དཀའ་བཅུའི་མཚན་བཏགས་བཞེས། རྒྱལ་བ་འཇམ་དཔལ་རྒྱ་མཚོའི་བཀའ་ལུང་བཞིན་དུ་རྒྱ་ནག་པའི་ཡོངས་འཛིན་གྱི་འགན་བཞེས། རྒྱ་ནག་ཏུ་ལོ་བཅུར་བཞུགས་ནས་ཕྱིར་ཕེབས། བྱ་ཁྱུང་དགོན་པའི་དུས་འཁོར་དཔོན་སློབ་དང་རྒྱུད་པའི་མཁན་པོ་མཛད། རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཕྱི་ལོ་ ༡༨༠༩ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བྱོན། འཆད་ཉན་སོགས་ཉམས་པར་མཛད། ཁྲི་ཟུར་རྗེས་སྒོམ་སྒྲུབ་ཉམས་ལེན་བརྩོན། གྱ་བརྒྱད་པར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ང་གཉིས་པ་ཡིན།

{{#arraymap:མདོ་བ་གྲགས་པ་རྒྱལ་མཚན་

|; |@@@ | | }}