538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེ་རྡོ་རྗེ་ (1)
Part of speech མིང་ཚིག
Definition དགྱེས་པ་རྡོ་རྗེ་སྟེ། སྔགས་བླ་མེད་ཀྱི་ཡི་དམ་ཞིག་ཡིན། དཔལ་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རྡོ་རྗེ། གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་བ་དན་རྩེ་གསུམ་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་ཅུང་ཟད་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོའི་ཕྲེང་བ་དང༌། རུས་པའི་རྒྱན་གྱིས་བརྒྱན་པ། མི་ལྤགས་ཀྱི་ན་བཟའ་མནབས་ཤིང༌། ཐལ་ཆེན་གྱིས་ལུས་ལ་བྱུགས་པ་དང༌། ཞབས་གཡས་བརྐྱངས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པའོ། །
Domain ཆོས་ལུགས།
Synonyms ཀྱེ་རྡོར། དགྱེས་པ་རྡོ་རྗེ། རོལ་བའི་རྡོ་རྗེ། ཧེ་བཛྲ། ཧེ་རུ་ཀ རྡོ་རྗེ་གྲི་གུག དཔལ་ལྡན་ཁྲག་འཐུང་། དཔྱིད།

{{#arraymap:ཀྱེ་རྡོ་རྗེ་

|; |@@@ | | }}