53855

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚད་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་ (1)
Part of speech མིང་ཚིག
Definition དགོན་འདིའི་གནས་ཡུལ། བོད་མདོ་ཁམས་ཆབ་མདོ་རྫ་རྒྱུད། ཚེ་དབེད་གྲོང་རྡལ། གྱིང་ཐང་གྲོང་ཚོ་གི་ཕུར་ཆགས་ཡོད། ཁམས་སྤྲུལ་གསུམ་པ། རྗེ་ཀུན་དགའ་བསྟན་འཛིན་མཆོག་གིས། ཞབས་ཀྱིས་བཅགས་ཤིང་མ་འོངས་པར། ས་ཆ་འདིར་དགོན་པ་ཞིག་ཆགས་རྒྱུའི་ལུང་བསྟན་དང་བྱིན་རླབས་གནང། ཁམས་སྤྲུལ་བཞི་པ་དགུང་གྲངས་ཉེར་ལྔ་ཕྱི་ལོ་ ༡༧༥༤ ས་ཕོ་སྟག་ལོའི་གསར་ཚེས་ལ་རང་དགོན་ཕུན་ཚོགས་ཆོས་གླིང་ནས། གྲྭ་སར་སྡོད་མཁན་བློ་གསལ་གྲྭ་གཞོན་བཅུ་སྐོར་ལ། བློ་གྲོས་སྒོ་འབྱེད་ཀྱི་ཆེད་དུ། དབྱངས་ཅན་མའི་དབང་དང་འཇམ་དཀར་གྱི་དབང་། ཆོས་མགོན་བཞི་པ་འཇམ་མགོན་དགྱེས་པ་མཆོག་ནས། འཇམ་དབྱངས་དམར་སེར་གྱི་བཀའ་དབང་བསྩལ་ནས། གཞུང་རྣམ་རབ་དྭགས་པོ་གྲྭ་ཚང་གི་བཤད་གྲྭར་མངགས་པ་མཛད། ཆུ་རྟ་སྤྱི་ལོ་ ༡༧༥༤ ལོར་རྣམ་རྒྱལ་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་ནས། སྔར་གྲྭ་སར་ཕེབས་པའི་དགེ་བཤེས་བཀའ་བཅུ་པ་བདུན་དང་། གསར་དུ་མཚན་ཉིད་རིག་པའི་སློབ་གྲྭར་བཅུག་པའི་གྲྭ་གསར་ཉི་ཤུ་རྩ་གྲངས་བཅས། དགེ་འདུན་སུམ་ཅུ་སྐོར། རྫ་སྟོད་སྨད་ཀྱི་གྲྭ་ཁྲལ་བའི་དགེ་འདུན་བརྒྱ་དང་བརྒྱད་ཙམ་གྱིས། དྭགས་པོ་གྲྭ་ཚང་ནས་སློབ་དཔོན་དུ་གདན་དྲངས་པའི་རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག་ཆེད་ཕེབས་ཀྱིས། མདོ་གཞུང་རིགས་ལམ་དཔྱད་གསུམ་རྣམ་པར་དག་པས་བཤད་གྲྭ་གསར་འཛུགས་དང་འབྲེལ། ཤི་གསོན་དད་འདུན་པའི་རེ་བསྐུལ་སྒྲུབ་ཆེད། མ་དགོན་ཕུན་གླིང་བཞིན་སྐུ་རིམ་རྒྱུན་ཚོགས་གསུམ་དང་། གསུང་གཏོར། མགོན་སྒྲུབ། ཉི་ལྡོག་ཙམ་ལས། གཙོ་ཆེར་མཚན་ཉིད་རིག་ལམ་རྩོད་སྒྲུབ་དགོས་རྒྱུའི་བཀོད་པ་བཅའ་ཡིག་དྲིལ་བསྒྲགས་གནང་། མདོར་ན། མཁས་བཙུན་བཟང་ལྡན་གྱི་རབ་འབྱམས་པ་དང་། བཀའ་བཅུ་པ། རིགས་ལམ་ལ་སྤོབས་པ་མཆོག་ཏུ་དགེ་བ་དུ་མ་ཞིག་བྱུང་ཡོད། རྗེ་ཉིད་ཀྱི་སློབ་མའི་ཐུ་བོ་མཁས་གྲུབ་བསོད་ནམས་རབ་འཕེལ། དེའི་སྐུ་སྐྱེ་མཚན་སྤྲུལ་བསོད་ནམས་བསྟན་འཛིན་ཞེས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གང་ཉིད་ནི། བོད་ཀྱི་རྒྱལ་པོ་རྭ་སྒྲེང་གི་དབུ་བླ་ལོ་དྲུག་མཛད་པས། ཧོ་ཐོག་ཐུ་ཞེས་པའི་གོ་གནས་ཀྱི་འཇའ་ས་གནང། འདི་ནི་ལོ་རྒྱུས་ནང་མདོ་ཁམས་སྨད་ཕྱོགས་སུ་བོད་རྒྱལ་པོའི་དབུ་བླར་ཕེབས་མཁན་དང་པོ་དེ་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱི་དུས་འགྱུར་སྐབས་དགོན་པ་སྤྱི་མཚུངས་བཞིན་ཉམས་ཆགས་ཆེན་པོ་བྱུང་འདུག སླར་ཡང་སྤྱི་མཚུངས་བཞིན། མཚན་སྤྲུལ་འཇམ་དཔལ་ནོར་བུའི་ཐུགས་སྲས་མཆོག་སྤྲུལ་དཀོན་མཆོག་དཔལ་བཟང་ནས་སྐུ་ཚེ་གང་པོར་སྐུ་ངལ་ཁྱད་བསད་ཀྱིས་དགོན་པ་གསར་བཞེངས་དང་། དེང་སྐབས་མཚན་ཉིད་དགོན་འདིར་གྲྭ་གཞོན་དྲུག་ཅུ་ལྷག་གིས་བསྡུས་རྟགས་དང་། སྤྱོད་འཇུག་སོགས་ལ་སྦྱང་བརྩོན་དང་། གྲྭ་ཚང་དུ་ཉིན་ལྟར་འབྲུག་ལུགས་གཏོར་བསྔོ་ཞོགས་ཚོགས། མགོན་ཁང་། ཁྲོ་ཆུའི་སྒྲུབ་སྡེར་སྒྲུབ་པ་བ་བཅུ་སྐོར། དེ་བཞིན་ལོ་རེར་ཁྲོ་ཆུའི་སྒྲུབ་ཆེན་རྒྱས་པ་རེ་ཚོགས་བཞིན་པ་བཅས་སོ། །

{{#arraymap:མཚད་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་

|; |@@@ | | }}