54331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོ་ (1)
Part of speech མིང་ཚིག
Definition ཆུ་མང་པོ་ལྷན་ཅིག་ཏུ་འདུས་ནས་འཁྱིལ་བའི་ཆུ་འཁྱིལ་རྒྱ་ཁྱོན་ཆེན་པོ་ཅན་ལ་མཚོ་ཟེར།
Keyword True
Example མཚོ་སྔོན་པོ། ཡར་འབྲོག་གཡུ་མཚོ། ལྷ་མོ་བླ་མཚོ་ལྟ་བུ།
Synonyms སྐྱེས་བུས་མ་བྱས་པ། ངོགས་ཅན། ངོགས་ལྡན། ཆུ་མང་ལྡན། ཆུ་ལྡན། ཆུ་འཛིན། ཆུའི་ཕུང་པོ།

{{#arraymap:མཚོ་

|; |@@@ | | }}

མཚོ་ (2)
Part of speech མིང་ཚིག
Definition རླབས་རིས་ཀྱི་དབྱིབས་སུ་འཁྱིལ་བུའི་མཛུབ་རྩེའི་རི་མོ་ལ་མཚོ་ཟེར།
Example ཁྱོད་ཀྱི་མཛུབ་རིས་མཚོ་རེད་དམ་རི་རེད་ལྟ་བུ།

{{#arraymap:མཚོ་

|; |@@@ | | }}

མཚོ་ (2)
Part of speech མིང་ཚིག
Definition མདོ། མངོན་པ། ལྷུན་པོ་ནས་མུ་ཁྱུད་འཛིན་རིའི་བར་གྱི་མཚོ་བདུན་ནི་རོལ་མཚོ་ཡིན་ལ། མཚོ་དེ་རྣམས་ཀྱི་ཡོན་ཏན་ངེས་ཚིག་ཚད་སོགས་ཀྱང་བཤད་དུ་ཡོད་དེ། མཚོ་དེ་དག་ནི་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཀླུའི་རྒྱལ་པོ་རྣམས་རོལ་པ་སྟེ་རྩེ་ཞིང་གནས་པའི་མཚོ་ཡིན་པས་ན་རོལ་མཚོ་དང་། ཚད་ནི་རོལ་མཚོ་དང་པོའི་ཁ་ཞེང་དུ་དཔག་ཚད་བརྒྱད་ཁྲི་དང་དེའི་ངོས་ལ་འབུམ་ཕྲག་གཉིས་དང་བཞི་ཁྲི་ཡོད་ཅིང་། རོལ་མཚོ་གཞན་དྲུག་ནི་ནང་མ་ནང་མ་ལས་ཕྱི་མ་ཕྱི་མ་ཁ་ཞེང་དུ་ཕྱེད་ཕྱེད་བྲི་ཞིང་། མུ་ཁྱུད་འཛིན་རི་ནས་ཁོར་ཡུག་གི་བར་གྱི་ཕྱིའི་རྒྱ་མཚོ་ཆེན་པོ་ལ་ཁ་ཞེང་དུ་དཔག་ཚད་འབུམ་ཕྲག་གསུམ་ཉི་ཁྲི་ཉིས་སྟོང་དང་བཅས་པ་ཡོད་པའི་ཕྱིར། དེ་ཡང་ཡན་ལག་བརྒྱད་ལྡན་གྱི་ཆུ་ཞེས་པའི་ཡན་ལག་བརྒྱད་ནི། བསིལ་དང་ཞིམ་དང་ཡང་དང་འཇམ། །དང་བ་དང་ནི་དྲི་ང་མེད། །འཐུང་ན་ལྟོ་དང་མགྲིན་པ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་པ་ལྟར་ཡིན་ཅིང། ཀླུའི་རྒྱལ་པོ་ནི། དགའ་བོ་ཉེར་དགའ་རྟས་རྒལ་དང་། །བཏང་བཟུང་དང་ནི་གཟི་ཅན་དང་། །ཡུལ་འཁོར་སྲུང་དང་ནག་པོ་ཆེ། །ཨེ་ལའི་འདབ་མ་ཕྱི་མ་ཡིན། །ཞེས་པ་ལྟར་གྱི་ཀླུ་ཆེན་བརྒྱད་གནས་པར་བཤད་དོ། །
Domain ཆོས་ལུགས།

{{#arraymap:མཚོ་

|; |@@@ | | }}