54333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚོ་ཁ་དགོན་ (1)
Part of speech མིང་ཚིག
Definition ཐར་བ་རྒྱལ་མཚན་གྱིས་རབ་བྱུང་དྲུག་པའི་ཕྱེད་ཙམ་ལ་རྫུ་འཕྲུལ་གྱིས་མཚོ་ཁར་དགོན་བཏབ་པས་མཚོ་ཁ་དགོན་ཞེས་མིང་དེ་ལྟར་ཐོགས། ཐར་བ་རྒྱལ་མཚན་འཁྲུངས་པ་དང་དགོན་པ་བཏབ་ནས་ལོ་ ༦༠༠ ལྷག་ཙམ་ཞིག་སོང་སྟེ། ཀརྨ་པ་མཐོང་བ་དོན་ལྡན་དགོན་པ་འདིར་ཕེབས་སྐབས་དགོན་འདི་བཏབ་ཡོད་པས་དེ་ལ་དཔག་ན་དེ་ལྟར་ངེས། སྔོན་མ་དགོན་འདི་བཀའ་རྒྱུད་རང་ལུགས་འཛིན་པ་ཞིག་རེད། ཕྱག་ཆེན་རྒྱུད་རིམ་གསོལ་འདེབས་སོགས་ལྟར་རབ་བྱུང་བདུན་པའི་ནང་ཀརྨ་དྲུག་པ་མཐོང་བ་དོན་ལྡན་གྱིས་དགོན་འདིར་ཞབས་ཀྱིས་བཅགས་ཤིང་གཙུག་ལག་ཁང་ལ་རབ་གནས་མཛད། ཀརྨ་ཆོས་གྲགས་རྒྱ་མཚོ་མཚོ་ཁ་དགོན་དུ་བྱོན་ནས་ཡུན་རིང་བཞུགས། ལྷ་ཁང་འོག་མའི་སྒོའི་གཡས་ཕྱོགས་སུ་སྲིན་པོའི་ཀླད་ཁྲག་སོགས་མགོན་པོའི་སྐུ་བརྙན་ཁག་བྲིས། དགོན་པ་མཚོ་ཁར་ཆགས་ཡོད་པ་མཚོ་ཁ་དགོན་ཞེས་གྲགས། མཚན་དངོས་ནི་ཨཱརྱ་གླིང་ཟེར་རྒྱབ་རི་ལ་ཨཱརྱ་ཞེས་པའི་ཡི་གེ་རང་བྱོན་ཡོད་པས་དེ་ལྟར་གྲགས། གཞན་ཡང་ཐར་བ་རྒྱལ་མཚན་དང་བདེ་ཆེན་ལྷུན་གྲུབ་གཉིས་ཀྱི་སྐུ་གདུང་། གསུང་རྟེན་སྐོར་ལ་བཀའ་འགྱུར་ཆ་གསུམ། བསྟན་འགྱུར་ཆ་གཉིས། གཞན་ཡང་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་དུ་མའི་གསུང་འབུམ་སོགས་ཡིག་ཆ་པོད་གཅིག་སྟོང་བདུན་བརྒྱ་དྲུག་བཅུ་ཙམ་ཡོད། དུས་འགྱུར་སྐབས་གཙུག་ལག་ཁང་རྟེན་དང་བརྟེན་པར་ཆག་འཇིག་ཆེན་པོ་བྱུང་། དེའི་རྗེས་རབ་བྱུང་བཅུ་དྲུག་པའི་ནང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་བྱས། དུས་ཕྱིས་ཀཾ་པའི་བཤད་སྒྲུབ་ཀྱི་ཕྲིན་ལས་ཉམས་སྟབས་གདན་ས་འོག་མ་དཔལ་སྤུངས་སུ་མཛད། དེ་ནས་དཔལ་སྤུངས་ཀྱི་དགོན་ལག་ཏུ་གྱུར། མགོན་ཁང་དུ་བེར་ནག་གི་བསྐང་གསོ་རྒྱུན་ཆགས་སུ་འཚོགས་བཞིན་ཡོད། བོད་ཟླ་བཞི་པའི་ནང་བདེ་སྨོན། རྟ་མགྲིན་སྒྲུབ་མཆོད་ས་ཆོག་དང་དངོས་གཞི། ཕག་མོའི་སྒྲུབ་མཆོད་ཉིན་བཅུ། ཀུན་རིག་སྒྲུབ་མཆོད་ཉིན་བཅུ། བསྙུང་གནས་ཉིན་བཞི། དྲུག་པའི་ཚེས་བཅོ་ལྔ་ནས་དབྱར་གནས་ཞག་ལྔ་བཅུ་བཅས་ཡོད། དགུན་ཆོས་ཆེན་མོ་ལ་བེར་ནག་དང་ཡེ་ཤེས་རབ་འབར། བཀའ་བརྒྱད་དང་གསང་རྫོགས། སེང་གདོང་མའི་སྒྲུབ་པ་རྣམས་ཡོད།

{{#arraymap:མཚོ་ཁ་དགོན་

|; |@@@ | | }}