546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེ་རྡོ་རྗེའི་དམར་ཁྲིད་ (1)
Part of speech མིང་ཚིག
Definition ཀྱེ་རྡོ་རྗེའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་སོ་ལྔ་པ་ཡིན། བརྗོད་བྱ། དཔལ་ཀྱེ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པའི་བསྐྱེད་བཟླས་ཀྱི་རྣལ་འབྱོར་དང་འཕོ་བའི་རྣལ་འབྱོར་གྱི་ཉམས་ལེན་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། རྡོ་རྗེ་འཆང་ཆེན་རྡོ་རྗེ་ཕག་མོ་དང་། དགའ་རབ་རྡོ་རྗེ་རྡོ་རྗེ་གདན་པ་གཉིས། བ་རི་ལོ་ཙཱས་སྐྱའི་གོང་མ་ལྔ། ཞང་དང་བྲག་ཕུག་དཔལ་ལྡན་བླ་མ་རྗེ། རྒྱལ་སྲས་ཐོགས་མེད་བྱང་སེམས་རྭ་སྒྲེང་བ། པཎ་ཆེན་ཤཱཀ་མཆོག་གཞོན་ནུ་ཆོས་གྲུབ་མཚན། བསོད་ནམས་རྒྱལ་མཚན་དཔའ་ལྡན་ཚུལ་ཁྲིམས་དང་། ཤར་ཆེན་ཡེ་རྒྱམ་ངོར་ཆེན་ཀུན་དགའ་བཟང་། གུ་གེ་པཎ་ཆེན་བསོད་ནམས་ལྷུན་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གསུང་རྒྱུན་ལས་བྲིས་སོ། །ཞེས་བྱུང་ངོ་། །

{{#arraymap:ཀྱེ་རྡོ་རྗེའི་དམར་ཁྲིད་

|; |@@@ | | }}