55038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་གཡོ་མགོན་པོ་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་དྲུག་པ། ས་གླང་སྤྱི་ལོ་ ༡༤༠༩ ལོར་ཡབ་གྭ་ཟི་རིན་ཆེན་རྡོ་རྗེ་དང་། ཡུམ་གཞོན་ནུ་བཟའ་ཨ་ལོག་གཉིས་ཀྱི་སྲས་སུ་རྫོང་གནམ་ལྷ་བྲག་གི་ཞོལ་སརྦ་ནང་དུ་སྐུ་འཁྲུངས། ཆོས་རྗེ་གྲགས་པའི་མཚན་ཅན་དང་། མཚམས་དབོན་བློ་གྲོས་རིན་ཆེན་སོགས་ལས་བཀའ་བརྒྱུད་པའི་ཕ་ཆོས་ཀུན་གསན། རྗེ་གྲགས་པའི་མཚན་གྱིས་མཁན་པོ་བགྱིས་ཏེ། རབ་བསྙེན་བསྒྲུབས། ཤིང་འབྲུག་སྤྱི་ལོ་ ༡༤༢༤ ལོར་རི་བོ་ཆེའི་ཁྲིར་འཁོད། ཡང་དགོན་དུ་བཀྲ་ཤིས་སྒོ་མང་གི་ཚོམ་ཆེན་ཕྱི་ནང་གི་རྟེན་བཅས་བསྐྲུན་པར་མཛད། ཤོད་ཁང་དུ་ཐུབ་ཆེན་ལ་འཁོར་གནས་བརྟན་བཅུ་དྲུག་གི་བསྐོར་བ་སོགས་ཚོགས་གསོག་གི་རྟེན་དུ་གསུམ་བསྐྲུན། སྟག་ལུང་ནས་ཆོས་རྗེ་བྱང་ཆུབ་རྒྱ་མཚོ་དང་བཀྲ་ཤིས་དཔལ་འོད། ཀརྨ་སི་ཏུ་དང་ཞྭ་དམར་ཆོས་དཔལ་ཡེ་ཤེས་སོགས་མཇལ་འཕྲད་ཐུགས་ནང་གཤིན་པ་བྱུང་། སྒོམ་སྡེ་དང་མི་ཉག་གི་སྡེ་འཁྲུགས་འདུམ་པར་མཛད། ཟུར་མང་རིན་པོ་ཆེ་དང་པུ་རི་བདེ་འབྱུང་བ་རྣམས་ལ་ཆོས་གསུངས། དེབ་དེར་རྒྱ་མཚོའི་ཉིང་བཅུད་ནང་དུ་གསུང་རྩོམ་དང་སློབ་མ་ཡང་ཅེས་གསལ། མཐར་རབ་བྱུང་བརྒྱད་པའི་ཤིང་ཁྱི་ཕྱི་ལོ་ ༡༤༥༤ ལོར་སྐུ་གཤེགས། །

{{#arraymap:མི་གཡོ་མགོན་པོ་

|; |@@@ | | }}