55086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཉག་རི་ཁུད་དགོན་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། རི་ཁུད་དཔལ་ལྡན་བསམ་འགྲུབ་ཆོས་དར་གླིང་ནི། མི་ཉག་རབ་སྒང་གི་དར་མདོ་རི་ཁུད་དུ། ཕྱི་ལོ་༡༤༢༨ ཙམ་ན། སྦས་སྟོན་ཤེས་རབ་རྒྱལ་མཚན་གྱིས་ཐོག་མར་ཕྱག་བཏབ། སྐབས་དེ་ནས་གཙང་གསེར་མདོག་ཅན་གྱི་བུ་དགོན་དུ་གྱུར། དེ་ནས་བཟུང་གདན་རབས་རིམ་བྱོན་སྐབས་རིམ་བཞིན་དར་རྒྱས་བྱུང་བས་ཚོགས་ཆེན་འདུ་ཁང་ཆེན་མོ། བཤད་གྲྭ སྒྲུབ་གྲྭ་ཁང་། ཁང་ཚན་བཅུ་གསུམ་བཅས་བྱུང་། དུས་འགྱུར་རྗེས་མཁན་ཆེན་འཆི་མེད་རྒྱ་མཚོ་མཆོག་གིས་གཙོ་འགན་བཞེས་ཏེ། ཕྱི་ལོ་ ༡༩༨༤ ལོར་གདན་ས་ཆེན་པོ་འདི་ཉིད་བསྐྱར་གསོ་མཛད། དེ་ནས་ད་ལྟའི་ཁྲི་འཛིན་པ་དབོན་སྤྲུལ་དང་། མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན། བླ་མ་རྡོ་རྗེ་རྒྱལ་མཚན། མཁན་པོ་རྣམ་པ་སོགས་ཀྱིས་འདུ་ཁང་། ནང་རྟེན་དང་བཅས་པ་ཉམས་གསོ་གནང་བ་མ་ཟད། སྔ་ཕྱིར་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཕེབས་ཏེ་རྟེན་ཁྲུས་སོགས་དང་། དཔེ་ཝར་རིན་པོ་ཆེས་ལམ་འབྲས་དང་། མཆོག་སྤྲུལ་མགོན་པོ་བསོད་ནམས་མཆོག་ལྡན་སྒྲུབ་ཐབས་ཀུན་བཏུས་བཅས་གསུངས་སོ། །ནང་རྟེན་རྒྱལ་བ་ལྔ་པ་ཆེན་པོས་རི་སྤྲུལ་ཀུན་དགའ་མཁས་གྲུབ་དབང་པོར་གནང་བའི་སྒྲོལ་མ་གསུང་བྱོན་དང་། སྐྱབས་མགོན་རྡོ་རྗེ་རིན་ཆེན་གྱི་ཕྱག་བཟོ་ཁྱིའི་ཞལ་འབག་གསུང་བྱོན། ཤཱཀྱ་ཐུབ་པའི་ཚེམས། གདན་རབས་རིམ་བྱོན་གྱི་གདུང་རྟེན། ཆོས་རྒྱལ་འཕགས་པའི་ཆིབས་སྒ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་གཙོ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་གསུང་འབུམ་བཅས་སྐུ་གསུང་ཐུགས་རྟེན་དུ་མ་བཞུགས། ཕྱག་བཞེད་ལ། ཕུར་པའི་སྒྲུབ་མཆོད་དང་། ཀྱེ་རྡོ། ཀུན་རིག མཁའ་སྤྱོད་སོགས་དཔལ་ལྡན་ས་སྐྱ་པའི་ཕྱག་བཞེད་བཞིན་ལོ་ལྟར་མ་ཆད་པར་ཚོགས་བཞིན་ཡོད། ཀུན་དགའ་མཁས་གྲུབ་དབང་པོའི་དུས་སུ་དགོན་ལག་ཉི་ཤུ་ལྷག་ཙམ་ཡོད་པར་བཤད་ཀྱང་མི་ཉག་གི་གཉེན་སྟོན་གཏམ་ཡིག་ལས། དགོན་མ་ལག་བཅུ་གསུམ་ཞེས་གྲགས་པ་ནི། ལྷ་སྒང་དགོན། ཕྱུག་མོ་དགོན། མདོ་སྟོད་དགོན། སྦ་ནེ་རོང་རི་ལོག་དགོན། ལ་ལི་གཤིས་རི་ལོག་དགོན། འབོ་ཁུག་དགོན། འདི་རབ་དགོན། ཁམས་གསུམ་གྲགས་དགོན། འཇིགས་རབ་དགོན། སི་ཁུད་དགོན། འདུལ་སྨད་དགོན། ཁུག་འགྱུར་དགོན། ཨ་ར་དགོན་བཅས་ཡིན་ལ། དེ་ཚོའི་མཁན་པོའང་དུས་འགྱུར་སྔོན་ལོ་གསུམ་རེའི་མཚམས་སུ་མ་དགོན་ནས་བསྐོས་བཞག་མཛད་སྲོལ་ཡོད། ཕྱིས་སུ་བཞེངས་པའི་དགོན་ལག་ཁག་ཅིག་ནི། སིི་ཚེས་ཆོས་ཚོགས། འཛུབ་ནང་ཆོས་ཚོགས། ལི་ཆུ་ཆོས་ཚོགས། ཐག་རག་ཆོས་ཚོགས། རྨ་སེར་ཆོས་ཚོགས། ཞ་ནང་ཆོས་ཚོགས་བཅས་ཡིན་ལ་དེ་ཚོའི་ཁྲི་པའང་མ་དགོན་ནས་བསྐོ་གཞག་བྱེད་བཞིན་ཡོད། རི་དགོན་འདི་ལ་རིག་གནས་གསར་བརྗེ་མ་བྱུང་སྔོན་དགོན་ལག་སོ་སོར་ནས་འདུས་པའི་གྲྭ་པ་གསུམ་བརྒྱ་ལྔ་བཅུ་ནས་བཞི་བརྒྱའི་བར་རྒྱུན་བཞུགས་ཡོད་ཀྱང་ད་སྐབས་གཉིིས་བརྒྱ་ལྔ་བཅུ་མ་ཟིན་ཙམ་ཡོད།

{{#arraymap:མི་ཉག་རི་ཁུད་དགོན་

|; |@@@ | | }}