55574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ལྡན་པའི་འདུ་བྱེད་ཀྱི་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། གཞི་ལྔའི་ནང་གསེས་ཤིག་སྟེ། མཆིམས་མཛོད་ལས། སེམས་དང་མི་ལྡན་པའི་འདུ་བྱེད། ཅེས་གསུངས། དེ་ལ་དབྱེ་ན་བཅུ་བཞི་སྟེ། ཐོབ་པ། མ་ཐོབ་པ། སྐལ་པ་མཉམ་པ། འདུ་ཤེས་མེད་པ་པ། འདུ་ཤེས་མེད་པའི་སྙོམས་འཇུག།།འགོག་པའི་སྙོམས་འཇུག །སྲོག་གི་དབང་པོ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི། མིང་གི་ཚོགས། ངག་གི་ཚོགས། ཡི་གེའི་ཚོགས་སོ། །
Domain ཆོས་ལུགས།
Synonyms གཟུགས་དང་ཤེས་པ་གང་ཡང་མིན་པའི་འདུས་བྱས། ཤེས་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོ། མཚུངས་ལྡན་མ་ཡིན་པའི་འདུ་བྱེད། ལྡན་མིན་འདུ་བྱེད། སེམས་དང་མི་ལྡན་པའི་འདུ་བྱེད། མི་ལྡན་པའི་འདུ་བྱེད་ཀྱི་གཞི།

{{#arraymap:མི་ལྡན་པའི་འདུ་བྱེད་ཀྱི་གཞི་

|; |@@@ | | }}