55779

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིག་དམར་སྤུན་གསུམ་ (1)
Part of speech མིང་ཚིག
Definition གཟའ་བཞིའི་ཀླུང་རྩིས་ལས་གཟའ་སྤུན་གསུམ་གྱི་ནང་གསེས་ཤིག་སྟེ། བརྩི་བྱ་སུ་དག་སྐྱེས་དུས་ཀྱི་གནམ་ལོ་དེར་མར་བབས་པའི་ལོག་མེན་ལོའི་ལོ་འགྲོས་རྐྱང་པར་སྦྱར་བའི་བར་གཟའ་དང་། བབས་སྤར་ལ་སྦྱར་བའི་ནག་གསེས་གཉིས་མིག་དམར་ཡིན་པ་མ་ཟད། དུས་དེར་སྐྱེས་པའི་བརྩི་བྱ་རང་ཉིད་ཀྱི་རང་ལོར་སྦྱར་བའི་བར་གཟའ་ཡང་མིག་དམར་ཡན་པས་བཅས་སྤུན་གསུམ་ཚང་བ་ལ་ཟེར་ཞིང་། དེར་ཡང་རྩིས་འབྲས་ཀྱི་ཆ་ནས་ཁམས་ཀྱི་སྟེང་དུ་སྐྱེས་པའི་མིག་དམར་སྤུན་གསུམ་དང་། ལིའི་སྟེང་དུ་སྐྱེས་པའི་མིག་དམར་སྤུན་གསུམ་བཅས་གཉིས་སུ་དབྱེ་ཡོད། བབས་སྤར་ཁམས་ཀྱི་སྟེང་དུ་སྐྱེས་པའི་མིག་དམར་སྤུན་གསུམ་དག་ལ་དམེ་གྲི་འཁོར་ཞིང་ཁ་སྨྲས་འོང་། ཕ་མ་ཡ་བྲལ་བྱེད། ཚེ་རིང་ཡང་བྱུར་མང་། མི་ནོར་ལ་མནའ་ཟ། ལྷ་རུ་མ་མོ་འགོ། བུ་ཡས་འདུར། ཕ་ཚན་ནང་མི་གཤིམ། ཡོ་བྱད་ལ་གང་སྟོངས་ཡོད་ཀྱང་ཚེ་སྨད་ལ་ཆེ་བར་འདུ། དམུ་ཆུ་སྐྲན་དང་མི་གཙང་ནད་ཀྱིས་འཆི་བ་ཡིན། གལ་སྲིད་རང་ལོ་འབྲུག་ཡིན་པའི་བརྩི་བྱ་སུ་ཞིག་ཨ་མ་ལགས་ཀྱིས་མོ་ལོ་ཉེར་ལྔའི་སྟེང་དུ་བཙས་པར་ཆ་བཞག་ན། བཙའ་དུས་དེའི་མའི་ལོག་མེན་ལོ་གྲོགས་སྤྲེལ་དང་བབས་སྤར་ཁམ་ཡིན་པས། དེ་གཉིས་ལ་སྦྱར་བའི་བར་དང་ནང་གི་གཟའ་གཉིས་མིག་དམར་ཡིན་ཁར། བརྩི་བྱ་དེ་ཉིད་ཀྱི་རང་ལོ་འབྲུག་གི་བར་གཟའ་ཡང་མིག་དམར་ཡིན་པས་སྤུན་གསུམ་ཚང་བ་ལྟ་བུ་དང་། དེ་བཞིན་རང་ལོ་བྱི་འབྲུག་སྤྲེལ་གསུམ་དུ་གཏོགས་པའི་བརྩི་བྱ་སུ་དག་མ་མོ་ལོ་བཅུ་བདུན་དང་། ཉེར་ལྔ། སོ་གསུམ། ཞེ་གཅིག ཞེ་དགུ་བཅས་ལ་སོན་པའི་སྟེང་དུ་སྐྱེས་པ་ཡིན་ན་ཁམ་སྟེང་སྐྱེས་པའི་མིག་དམར་སྤུན་གསུམ་ཡིན། དེ་མི་བརྩི་བྱ་སུ་ཞིག་སྐྱེས་དུས་ཀྱི་མའི་བར་དང་ནང་གི་བཏགས་གཟའ་མིག་དམར་ཡིན་ཡང་། དུས་དེར་སྐྱེས་པའི་བརྩི་བྱ་རང་ཉིད་ཀྱི་རང་ལོའི་བར་གཟའ་མིག་དམར་མ་ཡིན་ན། མའི་གཟའ་མིག་དམར་སྟེང་དུ་གཟའ་གཞན་གང་ཡིན་པ་དེ་སྐྱེས་ཞེས་ཁ་དམར་འདོགས་པས། མ་དེ་དག་གི་སྟེང་དུ་སྐྱེས་པའི་བརྩི་བྱ་སུ་དག་གི་རང་ལོ་སྟག་རྟ་ཁྱི་གསུམ་དུ་གཏོགས་ན། ལོ་འགྲོས་དེ་གསུམ་ལ་སྦྱར་བའི་བར་གཟའ་སྤེན་པ་ཡིན་པས། མིག་ཁར་སྤེན་པ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ལ་ཡ་རབས་གོང་མ་བྱམས་ཀྱང་མ་བྱམས་སྡང་། ཁ་སྨྲས་མང་། ཚེ་ཚད་རིང་། བུ་ཡས་འདུར། ཡོན་ཏན་ཅན་འོང་། བན་བོན་བྱས་ན་ནུས་པ་ཆེ། ་ལྷར་ཕོ་ལྷ་དང་དྲག་པོ་འགོ། ལྷོག་པ་ས་ནད་གྲི་ཡིས་འཆི་བ་ཡིན། བྱ་གླང་སྦྲུལ་གསུམ་དུ་གཏོགས་ན། ལོ་འགྲོས་དེ་གསུམ་ལ་སྦྱར་བའི་བར་གཟའ་ཕུར་བུ་ཡིན་པས། མིག་ཁར་ཕུར་བུ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ལ་མི་ཁ་ཆེ། བྱུར་མང་། ས་བདག་གནོད། ནོར་བབས་བཟང་། བུ་ཡས་འདུར། དགྲར་སྐྱེ་བོ་སྐྱ་རིང་ལྡང་། ལྷ་རུ་བཙན་བདུད་འགོ། ཆུ་གྲི་དང་གཅོང་གིས་འཆི་བ་ཡིན། ཕག་ལུག་ཡོས་གསུམ་དུ་གཏོགས་ན། ལོ་འགྲོས་དེ་གསུམ་ལ་སྦྱར་བའི་བར་གཟའ་ལྷག་པ་ཡིན་པས། མིག་ཁར་ལྷག་པ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ལ་མི་ཆེན་བྱམས། རབས་ཆད་ཀྱི་རུལ་བསྡུས་པས་འཕུང་། བུ་ཟུང་གིས་འདུར། ཡོ་བྱད་ལ་གང་སྟོངས་འོང་། ཕ་ཚན་དག་ཁ་འཐོར་ཞིང་བྱེས་སུ་ཤི་བ་ཡོད། གཡང་ཉམས། བྱད་གནོད། ཤི་ཆད་མོད། ལྷ་རུ་མ་མོ་དང་བཙན་འགོ། ཆུ་གྲི་རྡེའུ་སྐྲན་གྱིས་འཆི་བ་ཡིན། བབས་སྤར་ལིའི་སྟེང་དུ་སྐྱེས་པའི་མིག་དམར་སྤུན་གསུམ་དག་ཕ་དང་འགྲོགས་ཡུན་ཐུང་། མི་ནོར་གཉིས་ལ་ངན། བྱེ་བྲལ་འོང་། སྤུན་ཟླ་ལ་མནའ་ཟ། ལྷ་རུ་བཙན་འགོ། བྱད་ཁ་དང་ཀླུ་བཙན་གནོད། ཉེ་བ་དགྲར་ལྡང་། ཚེ་རིང་ཞིང་ཡོ་བྱད་བབས་འབྲིང་། ཁ་སྨྲས་དང་མི་ཁ་ཆེ། བུ་ཟུང་གིས་འདུར། མགོ་ཆག་གྲིར་འཆི་བ་ཡིན། གལ་སྲིད་རང་ལོ་སྤྲེལ་ཡིན་པའི་བརྩི་བྱ་སུ་ཞིག་ཨ་མ་ལགས་ཀྱིས་མི་ལོ་ཉེར་གཅིག་སྟེང་དུ་བཙས་པར་ཆ་བཞག་ན། བཙའ་དུས་དེའི་མའི་ལོག་མེན་ལོ་མ་བྱི་དང་བབས་སྤར་ལི་ཡིན་པས། དེ་གཉིས་ལ་སྦྱར་བའི་བར་དང་ནང་གི་གཟའ་གཉིས་མིག་དམར་ཡིན་ཁར། བརྩི་བྱ་དེ་ཉིད་ཀྱི་རང་ལོ་སྤྲེལ་གྱི་བར་གཟའ་ཡང་མིག་དམར་ཡིན་པས་སྤུན་གསུམ་ཚང་བ་ལྟ་བུ་དང་། དེ་བཞིན་དུ་རང་ལོ་བྱི་འབྲུག་སྤྲེལ་གསུམ་དུ་གཏོགས་པའི་བརྩི་བྱ་སུ་དག་མ་མོ་ལོ་ཉེར་གཅིག་དང་། ཉེར་དགུ། སོ་བདུན། ཞེ་ལྔ། ང་གསུམ་བཅས་ལ་སོན་པའི་སྟེང་དུ་སྐྱེས་པ་ཡིན་ན་ལི་སྟེང་སྐྱེས་པའི་མིག་དམར་སྤུན་གསུམ་ཡིན། འདིར་ཡང་སྔ་མ་ཇི་བཞིན་བབས་སྤར་ལི་ལ་འབབ་པའི་མ་ལོ་འདི་ཚོའི་སྟེང་དུ་སྐྱེས་པའི་བརྩི་བྱ་སུ་དག་གི་རང་ལོ་སྟག་རྟ་ཁྱི་གསུམ་དུ་གཏོགས་ན་མིག་ཁར་སྤེན་པ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ཚེ་རིང་ཡང་ནོར་རྫས་ལ་གང་སྟོངས་ཡོད། ཕ་ཚན་མི་གཤིམ། ས་བདག་རྒྱལ་པོ་གནོད། སྤུན་ཟླའི་རུལ་སྡུད། བུ་ཡས་འདུར། ཟ་ཐང་གསུམ་དུ་གཏོགས་ན་མིག་ཁར་ཕུར་བུ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ལ་བྱེས་འཕྲོད་ཅིང་མི་ཆེན་བྱམས། ཚེ་རིང་ཞིང་སྟོད་དུ་ནོར་རྫས་ལ་གནང་སྟོང་ཆེ་ཡང་སྨད་དུ་བཟང་། བུ་ཡས་འདུར། ཀླུ་བསེན་དང་ཕུར་ཁ་གནོད། ས་བདག་ནད་ཀྱིས་འཆི་བ་ཡིན། ཕག་ལུག་ཡོས་གསུམ་དུ་གཏོགས་ན་མིག་ཁར་ལྷག་པ་སྐྱེས་ཞེས་ཟེར་ཞིང་། བརྩི་བྱ་དེ་རིགས་ཚེ་རིང་ཞིང་ཡོ་བྱད་ལ་གང་སྟོངས་འཕར་འབུབ་ཡོད། རབས་ཆད་ཀྱི་རུལ་སྡུད། ཞིང་སའི་ས་བདག་གནོད། ཡུལ་འཕོ་ཞིང་གྲི་ཁར་འཆི་བ་ཡིན།
Domain རྩིས་རིག

{{#arraymap:མིག་དམར་སྤུན་གསུམ་

|; |@@@ | | }}