56087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིའི་ཉི་མ་མཐོང་བ་དོན་ལྡན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྟོད་དུ་བོད་བཙན་པོའི་གདུང་བརྒྱུད་ཡབ་བསོད་ནམས་རྡོ་རྗེའི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་ལེགས་པར་མཁྱེན། པཎ་ཆེན་ནགས་ཀྱི་རིན་ཆེན་དང་། ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བ་རྣམ་རྒྱལ་གྲགས་པ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་བཤེས་གཉེན་མང་པོ་བསྟེན། སྡེ་སྣོད་གསུམ་དང་རྒྱུད་བཞིའི་དགོངས་འགྲེལ་ཀུན་ལ་ཐོས་བསམ་གནང་། གསོ་རིག་གཞུང་ལ་མཁས་པར་སྦྱངས། གསུང་རྩོམ་ནི་གསོ་དཔྱད་རྒྱལ་པོ་དང་། རྒྱུད་བཞིའི་འགྲེལ་བ་བཀོད་པ་རྣམ་བཞི། རྒྱུད་རྣམ་བཞི། རྒྱུད་གཞིའི་བཀའ་སྒྲུབ། ཁྱད་འཕགས་སྤྱི་སྨན། ངོ་མཚར་སྤྱི་སྨན། རིམས་བཅོས་མི་ལ་སྲོག་སྦྱིན། རྩ་མདོའི་འགྲེལ་བ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་། གཅེས་བསྡུས་རིན་ཆེན་ཕྲེང་བ། མངོན་པར་རྟོགས་པའི་གསོལ་འདེབས། མ་ལཱ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་བཅས་བཞུགས།
Synonyms ལྷ་བཙུན་བྱམས་པ་དཀོན་མཆོག་རིན་ཆེན།

{{#arraymap:མིའི་ཉི་མ་མཐོང་བ་དོན་ལྡན་

|; |@@@ | | }}