56373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུན་པ་ (1)
Part of speech མིང་ཚིག
Definition འོད་སྣང་མེད་པ།
Example མུན་པའི་ནང་ནས་ཅི་ཡང་མི་མཐོང་ལྟ་བུ།
Synonyms མུན་ནག ཤེ་མིན། མུན་འཁྲིགས། མཁའི་པགས་པ། ཉིན་མཐར་བྱེད། ཉིན་མོའི་སྒོ་ང་། ལྡོངས་བྱེད། སྣང་མེད། མི་མངོན་པ། སྨག་རུམ། མཚན་མོའི་གོས། ཀུན་ཁེབས། རབ་རིབ། སྒྲིབ་པ།

{{#arraymap:མུན་པ་

|; |@@@ | | }}

མུན་པ་ (2)
Part of speech མིང་ཚིག
Definition རིག་པ་མི་གསལ་བ།
Example སེམས་ལ་མུན་པ་འཐིབས་ནས་ཅི་ཡང་མི་དྲན་ལྟ་བུ།

{{#arraymap:མུན་པ་

|; |@@@ | | }}

མུན་པ་ (3)
Part of speech མིང་ཚིག
Definition ཆོས་ལུགས། མདོ། མངོན་པ། སྒྲིབ་པ་སྟེ། དེས་ནང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་དེ་ལྟར་བཏགས་པའི་ཕྱིེར་ཏེ། ཅོ་ནེའི་མཛོད་ཀྱི་ཊཱིཀྐ་ལས། མུན་པ་དེས་ཕྱིའི་གཟུགས་གསལ་བར་མཐོང་བ་ལ་སྒྲིབ་པར་བྱེད་པ་བཞིན་དུ། སྒྲིབ་པ་གཉིས་པོ་དེས་ནང་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་དེ་ལྟར་བཏགས་པའི་ཕྱིེར། ཞེས་གསུངས། དེ་ལ་དབྱེ་ན། ཉོོན་མོངས་ཅན་གྱི་མུན་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མུན་པ་གཉིས།
Domain ཆོས་ལུགས།

{{#arraymap:མུན་པ་

|; |@@@ | | }}

མུན་པ་ (1)
Part of speech རྒྱན་ཚིག
Definition ཡན་ལག་གི་ཁ་དོག་བརྒྱད་ཀྱི་ཡ་གྱལ།

{{#arraymap:མུན་པ་

|; |@@@ | | }}