56393

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༢༥༥ ལོར་གཡས་རུ་བྱང་གི་རྒྱལ་ཏེ་ཐང་ཀར་དུ་འཁྲུངས། གདུང་རུས་ནི་གླན་ཡིན། གཞོན་དུས་སུ་ཁྲོ་ཕུ་བསོད་ནམས་སེང་གེ་ལས་རབ་བྱུང་བསྒྲུབས། མཚན་ལ་གྲགས་པ་སེང་གེ་ཞེས་གསོལ། དགུང་ལོ་ཉི་ཤུ་པར་ཁྲོ་ཕུ་བསོད་ནམས་སེང་གེས་མཁན་པོ་དང་། དབུ་མ་པ་ཤེས་རབ་འབུམ་གྱིས་སློབ་དཔོན། བུ་སྟོན་སེང་གེ་འོད་ཀྱིས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ས་སྐྱར་ཕྱ་རུ་བ་སེང་གེ་དཔལ་ལས་རྣམ་འགྲེལ་དང་། བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས། རྒྱུད་སྡེ་དང་བཅས་མཁས་པར་སྦྱངས། ཇོ་མོ་ནང་དུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས་ལས་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྣམས་ཞུས། གཡའ་ལུང་གི་རི་ཁྲོད་དུ་སྒྲུབ་པ་གཙོ་བོར་མཛད། ཞར་ལ་རྒྱུད་འགྲེལ་གྱི་བཤད་པ་དང་ཁྲིད་ཀྱིས་སློབ་མ་རྣམས་རྗེས་སུ་བཟུང་། བྲག་ཁར་སྐུ་མཚམས་བཅད། དུས་འཁོར་གྱི་བསྙེན་པ་བྱེ་བ་དང་། སྦྱིན་བསྲེག་འབུམ་ཕྲག་བཅུ་མཛད། མེ་ལྕེ་རྣམས་རིན་པོ་ཆེའི་རྣམ་པར་ཤར་བ་སོགས་རྟགས་མཚན་བྱུང་། བསྐྱེད་རྫོགས་ཀྱི་ཐུགས་དམ་གཙོ་བོར་མཛད། སྦྱོར་དྲུག་དང་། དམར་ཁྲིད། གཅོད། གཟེར་ལྔ་རྣམས་ལ་ཁྲིད་ཆེན་བཞིར་མིང་བཏགས་ནས་གཙོ་བོར་སྐྱོང་། ཕྱག་ཏུ་དངོས་པོ་བྱུང་ཚད་བླ་མ་རྣམས་ཀྱི་གདན་སར་གཏོང་། མངོན་པར་ཤེས་མངའ་བས་ས་སྐྱ་པའི་བདེ་དོན་ལ་སོགས་པ་ལུང་བསྟན་པ་ཐམས་ཅད་དོན་ཐོག་ཏུ་དབབ། གྱ་དགུ་པ་རབ་བྱུང་དྲུག་པའི་ཆུ་ལུག་ཕྱི་ལོ་ ༡༣༤༣ ལོར་སྐུ་གཤེགས། སློབ་མ་གྲགས་པ་ཆེ་བ་ནི་ཆོས་རྗེ་བླ་མ་དམ་པ་དང་། དཀའ་བཅུ་བ་གཞོན་ནུ་སེང་གེ་བློ་གྲོས། བང་མོ་ཞུ་བ་གཞོན་ནུ་དཔལ་བཅས་ཡིན།

{{#arraymap:མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་

|; |@@@ | | }}