56766

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེད་མཐའ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། མཐའ་གཉིས་ཀྱི་ནང་གསེས་ཤིག་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། གཟུགས་ཐ་སྙད་དུ་མེད་པ་མེད་མཐའ། དེར་འཛིན་པ་མེད་པའི་མཐར་འཛིན་ཡིན་ཏེ། དཀོན་བརྩེགས་ལས། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ ། མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་སྤངས་པ་ནི་དབུ་མའི་ལམ་མོ། །ཞེས་གསུངས་པ་དང༌། རྩ་ཤེ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། ཞིབ་པར་ཆད་མཐའ་ལ་གཟིགས། མེད་མཐའ་ལ་དབྱེ་ན། སྒྲོ་འདོགས་ཀྱི་མེད་མཐའ་དང༌། སྐུར་འདེབས་ཀྱི་མེད་མཐའ་གཉིས།
Domain ཆོས་ལུགས།
Synonyms ཆད་མཐའ། མེད་མཐའ།

{{#arraymap:མེད་མཐའ་

|; |@@@ | | }}