569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེཻ་རྡོ་རྗེའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ཀྱེཻ་རྡོ་རྗེའི་རྒྱུད་ཅེས་པ་གཞུང་གི་མིང་ཡིན། དེ་ཡང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་སྲོལ་གཏོད་མཛད་པ་པོ་སྟོན་པ་སངས་རྒྱས་ཤཱཀྱ་མུ་ནེས་རྡོ་རྗེ་འཆང་གི་རྣམ་པར་སྤྲུལ་ནས་གསང་སྔགས་ཀྱི་རྒྱུད་སྡེའི་རྣམ་གྲངས་མི་འདྲ་བ་མང་དུ་གསུངས་པའི་ནང་ཚན་མ་རྒྱུད་ཀྱི་བྱེ་བྲག་ཀྱེཻའི་རྡོ་རྗེའི་རྒྱུད་འདི་ལ་རྩ་རྒྱུད་དང་། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་བཅས་གསུམ་ཡོད། དེའི་ནང་གསེས་རྩ་རྒྱུད་ལ་རྒྱས་པ་བརྟག་པ་སུམ་ཅུ་སོ་གཉིས་ལེའུ་སྟོང་ཕྲག་སུམ་ཅུ། ཤོཽ་ལོ་ཀ་འབུམ་ལྔ་ཡོད་པ་དེ་ལ་འབུམ་ལྔ་དགྱེས་པ་རྡོ་རྗེ་ཞེས་ཟེར་ཞིང་། འདི་བོད་དུ་མ་འགྱུར་བ་འདྲ། རྒྱུད་བརྟག་པ་གཉིས་པ་ནི་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་ཡོད་པ་ལས་ཚིག་ཉུང་ངུར་བསྡུས་ཏེ་གསུངས་པའི་རྒྱུད་ཅིག་ཡིན། འདི་ལ་བརྟག་པ་གཉིས་ཡོད་ཅིང་བརྟག་པ་དང་པོ་ལ་ལེའི་བཅུ་གཅིག་དང་བརྟག་པ་གཉིས་པ་ལ་ལེའུ་བཅུ་གཉིས་ཡོད། འདི་དུས་རབས་བཅུ་གཅིག་པའི་འགོར་འབྲོག་མི་ལོ་ཙྭ་བ་ཤཱཀྱ་ཡེ་ཤེས་ཀྱིས་བོད་སྐད་དུ་བསྒྱུར། དེ་རྗེས་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ཀྱིས་ཞུས་ཆེན་དང་གཏན་འབེབས་གནང་བ་ལས་ལོ་ཙྭ་བ་གཞོན་ནུ་དཔལ་གྱིས་འགྱུར་ཆད་འགའ་ཞིག་ཁ་གསབ་གནང་ཚུལ་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་ནང་གསལ། རྩ་རྒྱུད་འདིའི་བརྟག་པ་གཉིས་ཀྱི་ལེའུ་སོ་སོས་བརྗོད་དོན་གཙོ་བོ་གང་བསྟན་པ་དང་། དོན་དེ་དག་ལག་ལེན་དུ་ཁྱེར་བའི་ལམ་གྱི་གོ་རིམ་གང་ཞིག་ཡིན་པའི་སྐོར་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་པོས་མཛད་པའི་བརྟག་གཉིས་རྣམ་བཤད་ཤོག་གྲངས་༥༠ནས་༥༣བར་གསལ། ཀྱེཻ་རྡོར་རྩ་རྒྱུད་བརྟག་གཉིས་འདི་ལ། རྒྱ་གར་མཁས་གྲུབ་རྣམས་ཀྱིས་མཛད་པའི་འགྲེལ་བ་བཅུ་གསུམ་ཙམ་སྡེ་དགེ་བསྟན་འགྱུར་རྒྱུད་པོད་ང་པ་དང་ཅ་པའི་འགོར་བཞུགས་ཤིང་། བོད་ཀྱིས་མཁས་པས་མཛད་པ་ལ། ༡ རྔོག་ཆོས་སྐུ་རྡོ་རྗེ། ༢ རྔོག་ཐོགས་མེད་གྲགས་པ། ༣ མེས་སྟོན་ཚོན་པོ་བསོད་ནམས་རྒྱལ་མཚན། ༤ མེས་ཀྱི་སློབ་བརྒྱུད་རྒྱ་མཚོ་གྲགས་པ། ༥ མཁས་པ་རྒྱ་ནམ། ༦ དཔྱལ་ལོ་ཙྭ་བ་བསོད་ནམས་རྒྱལ་མཚན། ༧ སློབ་དཔོན་ཆོས་ལ་དགའ་བ། ༨ རྡོག་སྟོན་རྩེའུ་བནྡེ། ༩ རྡོ་རྗེ་མགོན་པོ། ༡༠ ཞེ་སྡང་མགོན་པོ། ༡༡ ཅོག་རོ་ཆོས་ཀྱི་རྒྱལ་མཚན། ༡༢ འགར་དམ་པ་ཆོས་སྡིངས། ༡༣ སྐྱོགས་སྟོན་རིན་ཆེན་བཀྲ་ཤིས། ༡༤ གཉོས་ལོ་ཙྭ་བ་ཡོན་ཏན་གྲགས། ༡༥ གཙང་ཚ་རྡོ་རྗེ་བླ་མ། ༡༦ དྭགས་པོ་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ། ༡༧ ཀརྨ་འཕྲིན་ལས་དང་པོ་བཅས་དང་། གོང་དུ་བཀོད་ཟིན་པ་ཁག་དྲུག་བཅས་ཁྱོན་བསྡོམས་ཉུ་ཤུ་རྩ་གསུམ་ཙམ་ཡོད། བཤད་རྒྱུད་དང་ཆ་མཐུན་གྱི་རྒྱུད་སྐོར་འདིར་མ་བྲིས་ལགས།
Domain ཆོས་ལུགས།

{{#arraymap:ཀྱེཻ་རྡོ་རྗེའི་རྒྱུད་

|; |@@@ | | }}