5696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ག་པུར་ (1)
Part of speech མིང་ཚིག
Definition ག་བུར་གྱི་འབྲི་ཚུལ་གཞན་ཏེ། ས་དྲོ་སར་སྐྱེ་བའི་ཤིང་སྡོང་རྟག་ཏུ་སྔོ་བའི་ལྗོན་ཤིང་ཞིག ཤིང་མཁྲེགས་ཤིང་སུལ་ཞིབ་པ་དང་། དྲི་ཞིམ་ཅན་ཞིག་ཡིན། ཤིང་སྒམ་སོགས་བཟོས་ན་སྲིན་འབུ་འགོག་ཐུབ། ཤིང་དེའི་རྩ་བ་སྡོང་བུ་ཡལ་ག་ལོ་མ་རྣམས་རླངས་འཚོད་བྱས་ནས་བཙགས་པའི་དངོས་རྫས་དཀར་པོ་ཆབ་རོམ་གྱི་ཟེགས་མ་ལྟ་བུའི་མིང་ལ་ག་པུར་ཟེར། དེ་ལ་བཟོ་ཚུལ་དང་འབྱུང་ཁུངས་ཀྱི་དབང་གིས་མང་ག་པུར་དང་། ཤེལ་ག་པུར། སྟང་ཟིལ་ག་པུར་བཅས་གསུམ་ཡོད་པ་རྣམས་སྨན་བྱེད་ཆོག་པར་བཤད། དེ་ཡང་ག་པུར་ཚ་བ་རྒྱས་པ་ཐོག་བབས་གསོད། །རྙིང་ཞིང་ཞེན་པའི་ཚ་བ་རྩད་ནས་འབྱིན། །ཞེས་འབྱུང་།
Synonyms ཀཏྤཱུ་རཾ། གྷ་ན་སཱ་ར། སྤྲིན་གྱི་སྙིང་པོ། ཧི་མ་བ་ལུ་ཀཱ། ཁ་བའི་ཕྱེ་མ། སི་ཏཱ་བྷྲ། འོད་དཀར་ཅན། རེ་ཎུ་སཱ་ར། རྡུལ་གྱི་སྙིང་པོ། ཙནྡྲ་སཾ་ཛྙཱ། ཟླ་བའི་མིང་ཅན། ཙནྡྲ་བྷསྨ། ཟླ་བའི་ཐལ་བ། ཧི་མཱ་ཧ་ཡ། ཁ་བའི་མིང་ཅན། བེ་དྷ་ཀརྟོག་བྱེད། ཏ་རུ་སཱ་ར། ཤིང་གི་སྙིང་པོ། ར་ས་ཀེ་ས་ར། རོའི་གེ་སར། ཧི་མ་གརྦྷ། བསིལ་བའི་སྙིང་པོ། ཟླ་བ་སེང་གེའི་འོ་མ་བཅས་སོ།

{{#arraymap:ག་པུར་

|; |@@@ | | }}