57456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙན་དན་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཤིང་སྡོང་ཆེ་ཞིང་ཅུང་སྦོམ་ལ་དྲང་བའི་ཕྱི་པགས་སེར་སྐྱ་ཡལ་ག་ནས་ཡལ་ཕྲན་གྱེས་ཏེ་སྤྱིའི་སྐྱེ་དབྱིབས་སོགས་ཤིང་གཞན་དང་མཚུངས། ཡལ་ག་དྲང་པོར་སྐྱེ་བའི་ཕྱི་པགས་སེར་སྨུག་ནང་སྙིང་སེར་ལ་དྲི་ཞིམ་མནམ་པ་དང་། ལོ་མ་སྔོ་ཞིང་སེར་མདངས་ལྡན་པ་སྲབ་ལ་འཇམ་པ་སྒོང་དབྱིབས་ཀྱི་མཐའ་མཉམ་ཞིང་རྩ་རིས་གཞུང་རྒྱུག་འབུར་ལ་ཕྲེད་རྒྱུག་ཕྲ་ལ་གསལ་ཞིང་ངར་བ་ཐུང་བ་ཁ་སྤྲོད་དུ་སྐྱེ་བར་མེ་འབྲས་སོགས་གང་ཡང་མེད་དོ། །ཙན་དན་དཀར་པོ་དག་ལ་རིགས་གསུམ་ཡོད། སྦྲུལ་གྱི་སྙིང་པོ་དཀར་ཡོལ་བཅག་པ་འདྲ། གི་ཤིརྵ་ནི་སྟག་མ་བཅག་པ་འདྲ། ས་མཆོག་སོམ་སྟེ་སོམ་པའི་དུམ་བུ་འདྲ། ཀུན་ཀྱང་སྣུམ་ལ་དྲི་མ་བཟང་།
Synonyms གོ་ཤིརྵ། ཏིལ་འདབ་ཅན། དྲི་ཞིམ་ཙན་དན། སྣུམ་ལྡན། དཔལ་གྱི་དུམ་བུ། དཔལ་གྱི་ལོ་མ། དཔལ་གྱི་འདབ་མ། འཕྲོག་བྱེད་ཙན་དན། མེའི་སྲུབ་ཤིང་། ས་མཆོག

{{#arraymap:ཙན་དན་དཀར་པོ་

|; |@@@ | | }}