57457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙན་དན་དམར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྦོམ་ཞིང་འདྲོང་ལ་ཕྱི་པགས་སེར་ནག་གིས་བཏུམས་པའི་ནང་དམར་སྨུག་རྭ་ལྟར་མཁྲེགས་ཤིང་ལྕི་བར་ཡལ་ག་དང་ཡལ་ཕྲན་གྱེས་པ། ལོ་མ་ལྗང་སེར་སྲབ་པ་སྒོང་དབྱིབས་ཀྱི་མཐའ་མཉམ་ཞིང་རྩེ་རྣོ་བ་རྩ་རིས་འཕྲེད་དུ་གསལ་པོར་མངོན་པ་གཡས་གཡོན་དུ་ལོ་ལྷེབ་བཞི་རེ་དང༌། དབུས་སུ་གཅིག་བཅས་ཡོད་པ། མེ་ཏོག་སེར་པོ་སྲད་རིགས་སམ་མཛོ་མོ་ཤིང་གི་མེ་ཏོག་འདྲ་བ་འཆར་ཞིང༌། གང་བུ་སྨུག་པོ་གྱོང་བ་བྲ་མའི་གང་བུ་འདྲ་ལ་དེ་ནས་ཆེ་ཞིང་སྤུས་ཁྱབ་པའི་ནང་འབྲུ་སེར་སྨུག་ཆུང་ལ་མཁྲེགས་པ་ཡོད། སྡོང་པོའི་ཤིང་རྒྱུ་སྲ་ཞིང་མཁྲེགས་ལ་ཕྱི་ངོས་དང་བཅད་ཁ་ཡུན་ལོན་ནས་སྨུག་པོར་འགྲོ་བ། གཤགས་པས་ཤིང་སུལ་རྩུབ་པ་མདོག་ཤིན་ཏུ་དམར་ལ་ལྕི་བ་བཟང་ཞིང༌། དམར་ལ་ཁམ་ཞད་ཡོད་ཅིང་སོབ་པ་སྔ་མ་ལས་ཡང་བ་ནི་དམན་པས་ཚབ་ཙམ་མོ། །ཙན་དན་དམར་པོ་འདི་ལ་རིགས་དམར་སྨུག་གཉིས་ཡོད་པས་གཉིས་ཀ་སྲ་མཁྲེགས་ལྕི་ལ་དྲི་ཞིམ་པ་དགོས། ཨེ་ཤ་ཡ་གླིང་གི་ཚ་བ་ཆེ་བའི་ས་ཁུལ་རྒྱ་གར་དང་། བལ་ཡུལ་སོགས་སུ་སྐྱེ་བ་མང་། སྡོང་པོ་དང་ཡལ་ག་གཉིས་སྟོན་དཔྱིད་གང་རུང་ལ་བཏུས་ཏེ་ཕྱི་པགས་དོར་ནས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་ཡང་ལ་རྩུབ་པས་ཁྲག་གི་ཚད་པ་དང༌། ཁྲག་རྒྱས་པ། ཁྲག་ཤེད་མཐོ་བ་སོགས་འཇོམས་པར་བྱེད་པ་ཡིན།
Synonyms ཀུ་ཙན་དན། འདབ་མའི་ལུས་ཅན། འདབ་མའི་ཡན་ལག ཚོས་བྱེད་ཤིང་། འཚོ་བྱེད། རཀྟ་ཙན་དན། ས་ཡི་ཙན་དན།

{{#arraymap:ཙན་དན་དམར་པོ་

|; |@@@ | | }}