57465

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙན་དན་སྦྲུལ་གྱི་སྙིང་པོ་ (1)
Part of speech མིང་ཚིག
Definition ནུས་པ་ཤིན་ཏུ་གསལ་ཞིང་ཧ་ཅང་དཀོན་པའི་ཙན་དན་དཀར་པོའི་རིགས་ཤིག་གི་མིང་སྟེ། རིན་སྤུངས་པ་ངག་དབང་འཇིགས་གྲགས་ཀྱིས་མཛད་པའི་མངོན་བརྗོད་མཁས་པའི་རྣམ་རྒྱན་ལས། སྟོང་གསུམ་རིན་གྱིས་གཞལ་མེད་ཅིང། སྔོ་སངས་བཻ་ཌཱུརྱའི་མདོག་ཅན། ལག་འགྲོའི་སྙིང་པོ་ཙན་དན་མཆོག ཙན་དན་སྦྲུལ་གྱི་སྙིང་པོའོ། །ཞེས་གསུངས་པ་དང། སྦྲུལ་སྙིང་ཞེས་པའི་རྒྱུ་མཚན་ཡང། རྗེ་ས་པཎ་གྱིས། སྦྲུལ་སྙིང་མ་ལ་ཡ་དག་ཏུ། སྔོན་གྱི་དུས་སུ་སྐྱེ་བར་བཤད། སྦྲུལ་གདུག་ཚ་བས་གདུང་བ་དག སྡོང་པོ་ལ་འཁྲིལ་སྙིང་པོ་ལྟར། གྱུར་པར་སྦྲུལ་གྱི་སྙིང་པོར་གྲགས། ཞེས་གསུངས་པ་ལྟར་རོ། །
Synonyms སརྦེཥྚ། སྔོ་བསངས་བཻ་ཌཱུརྱའི་མདོག་ཅན། བྲང་འགྲོའི་སྙིང་པོ། སྦྲུལ་གྱི་སྙིང་པོ། ཙན་དན་མཆོག

{{#arraymap:ཙན་དན་སྦྲུལ་གྱི་སྙིང་པོ་

|; |@@@ | | }}