57723

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙོང་མདའ་དགོན་ (1)
Part of speech མིང་ཚིག
Definition མངོན་དགའ་བདེ་ཆེན་གླིང་ནི། ཕྱི་ལོ་ ༡༡༦༠ ལོར་ས་ཆེན་ཀུན་དགའ་སྙིང་པོའི་སློབ་མ་སྐྱེད་ཚལ་སྐུ་ཕྲེང་དང་པོ་ཀུན་དགའ་དཔལ་འབྱོར་གྱིས་སྐྱོ་བྲག་སྐྱེད་མོས་ཚལ་དུ་ཕྱག་བཏབ་སྟེ་བླ་རབས་གཉིས་ཀྱི་བར་གདན་ས་བསྐྱངས། དེ་ནས་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་གསང་གཞུང་ཙོང་མདའ་རུ་དགོན་པ་གནས་སྤོས། ཙོང་མདའ་དགོན་ཞེས་པ་ས་མིང་དགོན་པར་ཐོགས། ཆོས་རྒྱལ་འཕགས་པ་ཁམས་ཕྱོགས་སུ་ཕྱི་ལོ ༡༢༧༤ ཡས་མས་ཕེབས་སྐབས་དགོན་འདིར་བྱོན་ནས་དུས་འཁོར་གྱི་དབང་དང་ཚོགས་ཆོས་ཆེན་མོ་སོགས་སྨིན་གྲོལ་དང། གསེར་བྲིས་ཀྱི་རྒྱལ་ཡུམ་བཅུ་དྲུག་སོགས་སྐུ་གསུང་ཐུགས་ཀྱི་རྟེན་འགང་ཆེན་དང་འཐོབ་ཡིག་ཕྱག་བསྟར་མ། ལྷ་ཁང་ལ་གསེར་ཕིབས། གྲྭ་སུམ་ཅུ་ལ་བླ་ཐོབ་ཞྭ་ཏོག་བཅས་གནང། ཀྱེ་རྡོར་སྒྲུབ་མཆོད་དགུ་གཏོར་རྣམས་གཏན་འཛུགས་གནང་བས། བསྟན་པའི་རྐང་ཟིན་པར་གྱུར། བླ་ཁག་གསུམ་དང་དགེ་འདུན་པ་སྟོང་ཕྲག་ཕྱེད་ལས་བརྒལ་བ་བྱུང། བེ་རུའི་དམག་གིས་ཁམས་ཕྱོགས་འཇོམས་སྐབས་གཏོར་སྐྱོན་ཚབས་ཆེན་བྱས་པའི་རྐྱེན་གྱིས་ད་ལྟའི་ས་གནས་དེར་ཕྱི་ལོ་༡༧༤༠ ལོར་གདན་ས་འདི་ཉིད་ཆགས། ས་ངོར་ཚར་གསུམ་ལ་འབུལ་ཆེན་དང་ཁྱད་པར་གདན་ས་གོང་དུ་འབུལ་ཆེན་ལན་གསུམ་མཛད་ནས་ཕུར་བླ་ཞུས་པས། དབུ་བླ་རིན་ཆེན་བཟང་པོ་གནང་བ་དགོན་དུ་ཕེབས། དཔལ་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་གཉིས་ཀྱི་དབང་ཁྲིད་དང་སྒྲུབ་པ་ཟབ་མོ་གར་འཆམ་དང་བཅས་པ་དབུ་ཚུགས། གདན་ས་འདིར་ཕུར་སྒྲུབ་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ཏེ་ཕུར་བླ་རིམ་བྱོན་གྱིས་འགྲོ་དོན་ཡང་མཛད། དགོན་འདིར་གཙོ་གཟིགས་ཨ་ཤག་དཔོན་དང་འབེ་དཔོན་སྐྱེད་ཚལ་སྐུ་ཕྲེང་རིམ་བྱོན་གྱི་ཡབ་གཞིས་ཁྱུང་པོ་དཔོན་ཚང་རྣམས་ཀྱིས་བདག་རྐྱེན་གནང་། ཁྱུང་པོ་བློ་གྲོས་སེངྒེའི་སྐུ་དུས་སུ་ལྷ་ཁང་དམར་འཇའ་མ་དང་གཟིམས་ཤག་གསེར་ཁང་། སྒྲུབ་སྡེ་གསལ་སྟོང་ཟུང་འཇུག་གླིང་རྟེན་དང་བརྟེན་པར་བཅས་པ་བཞེངས། སྐུ་རྟེན་ལ་ཐུབ་པའི་སྐུ་བྱེའུ་དྲོད་མ་དང་སྐྱེད་ཚལ་བླ་མ་དུང་གི་ཞལ་ཚོམ་ཅན་གྱི་འདྲ་ཞལ་སོགས་དང་། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གསེར་བྲིས་མ་ཆ་གཉིས་རེ་སོགས་དང་། ཐུགས་རྟེན་ལ་རོང་སྟོན་ཆེན་པོའི་གསེར་གདུང་སོགས་སྐུ་གསུང་ཐུགས་རྟེན་གྲངས་མང་བཞུགས། སྐྱེད་ཚལ་བླ་བྲང་སོགས་བླ་བྲང་ཁག་བཞི་ལྷམ་མེར་བཞུགས་པས་མཛད་བཟང་རྒྱས། །དུས་འགྱུར་རྗེས་སྐྱེད་ཚལ་སྐུ་ཕྲེང་བཅུ་གཉིས་པ་འཇམ་དབྱངས་ཐེག་ཆེན་ཆོས་ཀྱི་ཉི་མས་དབུས་དགེ་འདུན་པ་རྣམས་ཀྱི་བཀའ་དྲིན་གྱིས་གཙུག་ལག་ཁང་དགེ་ལེགས་འཆི་མེད་གྲུབ་པའི་དགའ་ཚལ་དང་བཤད་སྒྲུབ་གྱི་སྡེ་རྣམས་དང་ཡང་ཕུར་གཉིས་ཀྱི་གཙོས་སྒྲུབ་མཆོད་ཁག་རྣམས་ཉམས་གསོ་མཛད་ནས་ད་ལྟ་བླ་སྤྲུལ་མཁན་སློབ་རྣམས་ཀྱི་བདག་རྐྱེན་འོག་འདུས་པ་བཞི་བརྒྱ་ལྷག་གིས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམབྱས་དང་བྱེད་བཞིན་པའོ། །

{{#arraymap:ཙོང་མདའ་དགོན་

|; |@@@ | | }}