57727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཙོམ་མདོ་ (1)
Part of speech མིང་ཚིག
Definition ཙོམ་མདོ་གནས་གསར་དགོན་པ་ནི་ཕྱི་ལོ་ ༡༢༠༠ ལོ་རྗེ་འགྲོ་མགོན་རིན་ཆེན་གྱིས་སྨར་ཁམས་རུ་ཤོད་ཙོམ་མདོ་རི་བོ་ལ་གནས་གསར་དགོན་ཕྱག་བཏབ་པས་གནས་མིང་དགོན་པ་ལ་ཐོག་པ་ཞིག་ཡིན། དགེ་འདུན་སྟོང་ཕྱེད་གཉིས་ནས་རིམ་བཞིན་ཁྲི་ཁ་ལོང་བར་འཕེལ་རྒྱས་གྱུར་མྱོང་བའི་གདན་ས་འདི། ཤོ་དགོན་དང་འདྲ་བ་མདོ་སྔགས་གཉིས་ལ་ཐོས་བསམ་ལེགས་གྲུབ་ཟིན་པ་དང་སྨར་ཚང་ཕྱག་ཆེན་དང་རི་ཆོས་སོགས་སྒོམ་སྒྲུབ་ཉམས་ལེན་བྱས་སྲོལ་དར། དགོན་པ་འདིའི་ཡན་ལག་སྨར་ཁམས་སུ་ས་ཁྱབ་རྡོ་དར་གྱུར་བའི་དགོན་ཤུལ་དང་གནས་མིང་ད་ལྟ་གསལ་པོ་མཐོང་རྒྱུ་ཡོད། ས་པཎ་ཁུ་ཚ་གསུམ་ཕེབས་པ་དང་ཕྱི་ལོ་ ༡༢༧༥ ཤིང་ཕག་ལོར་ཆོས་རྒྱལ་འཕགས་པ་ཕེབས་པ་སོགས་ལོ་རྒྱུས་ལྡན་པའི་གདན་ས་འདིེ། འགྲོ་མགོན་རིན་ཆེན་གྱི་གདན་རབས་འཛིན་པ། སྟོན་པ་ཚུལ་ཁྲིམས་གཞོན་ནུ། ཆོས་རྗེ་ཀརྨ་སེངྒེ་། སྤྲུལ་སྐུ་རིན་ཆེན་རྒྱལ་མཚན། དཀོན་མཆོག་རྒྱལ་མཚན། ཆོས་རྗེ་དཀོན་མཆོག་རྡོ་རྗེ། དཀོན་མཆོག་བསོད་ནམས། ཆོས་རྗེ་བྱང་ཆུབ་སེངྒེ་། མཁན་པོ་མཁྱེན་རབ་དབང་ཕྱུག སྟོང་འདུས་རྡོ་རྗེ་སོགས་གདན་ས་འཛིན་པའི་སྐྱེས་མཆོག་མང་དུ་བྱོན་ཀྱང་གདན་རབས་བཅོ་ལྔའི་རྗེས་ཀྱི་ལོ་རྒྱུ་ད་ལྟའི་ཆ་རྙེད་ཐུབ་མེད། ཕྱི་ལོ་༡༦༣༩་ལོ་ནས་བོད་དུ་སོག་དམག་ལན་གཉིས་དྲངས་པས་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་གཉིས་ཀྱི་དགོན་མ་ལག་དང་བཅས་པ་གཏོར་བཤིག་ཚབས་ཆེན་ཕོག་པས་རིམ་བཞིན་ཉམས་གུད་གྱུར། གདན་ས་འདིའི་དགོན་ཤུལ་དང་གྱང་རོ་ནི་སྨར་ཁམས་རྫོང་། རུ་ཤོད་སྡེར་བ། ཚོར་རྔ་གྲོང་གི་ཉེ་འདམས་སུ་ཡོད། གནས་འདི་དགེ་འདུན་སྟོང་ཕྱེད་གཉིས་ནས་ཁྲི་ཁ་ལོང་བར་གནས་ཐུབ་པའི་ས་ཁྱོན་དང་། གནའ་རྫས། བླ་སྐུ། རྡོ་བརྐོས་སོགས་ས་ཁམས་ཚན་རིག་པས་དཔྱད་ཞིབ་ལྟར་ངེས་ཤེས་རྙེད་ཐུབ་པ་བྱུང་། ད་ལྟའི་ཆ་གནས་འདི་ས་སྐྱའི་ཁུངས་སུ་ཡོད། ནང་རྟེན་གཙོ་བོ་སྟོན་པ་ལི་ཁྲི་འདྲེས་མའི་ཐོག་ཚད་གཅིག་དང་ཕྱེད་ཀ་ཡོད། སྒྲོལ་མ། འཇམ་ཕྱག་སྤྱན་གསུམ། གུ་རུ་སྣང་སྲིད་ཟིལ་གནོན། འདུག་ཁང་ནང་དུ་གསེར་དང་གཟི་བྱུ་རུ་སོགས་ཁྲ་རྒྱན་པའི་ཁྲི། གསེར་བྲིས་བཀའ་འགྱུར། དངུལ་བྲིས་འབུམ་པོད་བཅུ་གཉིས། བསྟན་བཅོས། འགྲོ་མགོན་རིན་གྱི་རིང་བསྲེལ་མཆོད་རྟེན། གསེར་ཟངས་ཀྱི་བཞེངས་པའི་འགྲོ་མགོན་རིན་ཆེན་གྱི་སྣང་བརྙེན་ཐོག་ཕྱེད་མ། འགྲོ་མགོན་གྱི་གསུང་འབུམ་པར་ཤིང་། ཧོར་རྒྱལ་པོས་ཕུལ་བའི་གླང་ཆེན་གྱི་མཆེ་བ། གོས་ཆེན་གྱི་མཆོད་རྫས། རིན་ཆེན་རྒྱལ་མཚན་གྱི་རིང་བསྲེལ་མཆོད་རྟེན། ཁོང་གི་གདོང་རུས་ལ་ཕྱག་རྡོར་དང་མ་ཎི་རང་འཁྲུངས། དཀོན་མཆོག་རྡོ་རྗེའི་རིང་བསྲེལ་མཆོད་རྟེན་སོགས་མང་དུ་མཆིས་ཀྱང་ད་ལྟའི་ཆ་རྙེད་མེད།

{{#arraymap:ཙོམ་མདོ་

|; |@@@ | | }}