58016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚང་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་ (1)
Part of speech མིང་ཚིག
Definition ཚང་གསར་ཞེས་པའི་མིང་དོན་ནི་རྒ་རྗེའི་གདུང་ལས་བྱོན་པའི་གསང་བ་ལུས་མེད་རྡོ་རྗེ་རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་ ༡༢༢༧ ལ་སྐུ་འཁྲུངས་ཞིང་དགུང་གྲངས་སོ་དགུ་ལ་ས་སྐྱ་ཆོས་རྒྱལ་འཕགས་པས་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བསྐོས་བཞག་མཛད། དགུང་ལོ་ཉེར་བརྒྱད་རིང་སྐུ་འབུམ་དགོན་གནས་དྲུག་ཁྲི་བསྐོར་བཅུ་གཉིས་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས། དམ་པ་དེ་ཉིད་ཀྱི་དབོན་བྱང་ཆུབ་གཞོན་ནུ་ཤིང་སྟག་ལ་སྐུ་འཁྲུངས། ཆུ་སྦྲུལ་ལ་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཀོད། རབ་བྱུང་ལྔ་པའི་ཆུ་སྟག་ལ་ཚང་མང་གསར་པ་བཞེངས་དེ་ཕྱིན་སྒོམ་སྡེ་ནང་ཡ་གཉིས་སུ་བྱུང་བའི་ཚང་གསར་པའི་མཚན་དོན་དེ་ནས་བྱུང། གནམ་ཞེས་པ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ཕྱི་ལོ་ ༡༧༠༢ ལ་ཚང་གསར་བླ་མ་བསོད་ནམས་ཡེ་ཤེས་སྐུ་ཕྲེང་དང་པོ་ཚང་གསར་ཀརྨ་ངག་དབང་དར་རྒྱས་ཀྱི་སྲས་སུ་སྐུ་བལྟམས། རབ་ལོ་བཅུ་གཉིས་པའི་ཤིང་འབྲུག་ཕྱི་ལོ་ ༡༧༢༤ ལ་གོང་མ་གཡུང་ཀྲིང་ཆེན་པོའི་འཕྲིན་ལས་པ་ཟི་ལིང་རྡོ་རྒན་ཨཾ་བྷན་གྱིས་ཉེར་ལྔའི་ས་སྒོ་ཕྱེས་ཤིང་ཆིང་ཧུ་རྡོ་རྗེ་ཚེ་དབང་གིས་བཀའ་ཆོད་གནང་དོན་ལྟར་འདོད་རྒྱལ་གྱི་མིང་ལ་གནམ་གཞུང་དུ་གྲགས་པའི་རྒ་རུ་ཞེས་པར་དགོན་ས་འཛིན་དགོས་གསུངས་པ་ལས། འདམ་ཁྲ་ལྟེམ་ནས་ཕྱིར་རང་ཡུལ་དུ་བྱོན་ཏེ་ཐོག་མར་མེ་ལོང་བྲག་ཀེ་ལ་རི་ཁྲོད་མཛད་དེ་བཞུགས། དེ་ཕྱིན་ཚང་གསར་གནམ་དགོན་ཞེས་པའི་མིང་ཐོགས་དེ་ནས་བྱུང། གོང་དུ་སྨོས་པའི་ཚང་གསར་བླ་མ་བསོད་ནམས་ཡེ་ཤེས་དེ་ཉིད་དང་རྒྱལ་དབང་བདེ་ཆེན་རྡོ་རྗེ་ཟུང་འབྲེལ་མཛད་དེ་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་མེ་ལོང་བྲག་རྩར་གུ་རུ་གཙོ་འཁོར་གསུམ་གྱི་ལྷ་ཁང་བཞེངས་ནས་གདན་ས་བཏབས། འཇམ་དབྱངས་བླ་མ་བློ་གྲོས་རིན་ཆེན་གྱི་སྐུ་དུས་སུ་དགོན་རྙིང་པ་ལྕགས་ཡོས་ལོར་ཆར་ཞོད་རྐྱེན་གྱིས་ས་ཉིལ་གཡོ་འགུལ་བྱུང་ནས་དགོན་པ་སྤོ་དགོས་བྱུང་བས། སླར་རབ་བྱུང་་བཅུ་དྲུག་པའི་ཁྱུ་མཆོག་ལྕགས་མོ་སྦྲུལ་ལོའི་ཆུ་སྟོད་ཟླ་བའི་ཚེས་བརྒྱད་རྒྱལ་ཕུར་འགྲུབ་སྦྱོར་ལ་དགོན་པ་གསར་བཞེངས་བྱས་ནས་ད་བར་ལོ་བདུན་བཅུ་དོན་གསུམ་སོང་ཡོད། འབའ་རོམ་སྒྲུབ་སྡེ་ཐེག་མཆོག་གླིང་དུ་རང་ལུགས་ཀྱི་ཐབས་གྲོལ་གཉིས་པོ་ལོ་གསུམ་རེར་ཉམས་ལེན་གནང་མཁན་དང་། མེ་ལོང་བྲག་ལ་བསོད་ཡེས་སྐུ་འཕྲེང་དང་པོ་ནས་བཟུང་རི་ཁྲོད་པ་རྒྱུན་མར་བཞུགས་བཞིན་པ་དང་། མགོན་ཁང་རྒྱུན་འཛུགས་བཅས་ཡོད། དགོན་ལག་ནི་སྔ་མོ་ཚང་དགོན་གྱི་བླ་མཆན་ཞིག་གིས་ཕྱག་བཏབ་པའི་སྨིན་གྲོལ་གླིང་དང་། དཔལ་གྱི་བསམ་འགྲུབ་མཐོང་སྨོན་གླིང་གཉིས་ཡིན། དགོན་འདིར་ཡོད་པའི་བསྟན་བདག་སྤྲུལ་སྐུ་གསུམ་ནི། ཚང་གསར་བསོད་ནམས་ཡེ་ཤེ། ཚང་གསར་ཆོས་འཁོར་བླ་མཆན། དབོན་གཅོད་བླ་བདུད་འདུལ་གསུམ་གྱི་ཡང་སྲིད་ཡིན། དྭགས་བརྒྱུད་ཆེ་བཞིའི་ནང་ཕྱེས་འབའ་རོམ་བཀའ་བརྒྱུད་ཀྱི་དབང་ལུང་ཁྲིད་གསུམ་དང་ཆོ་གའི་ཕྱག་བཞེས། གར་འཆམ། རང་ལུགས་ཀྱི་དཔེ་ཆ་བཅས་ཚང་མ་ཡོད་པའི་དགོན་སྡེ་གལ་ཆེན་ཞིག་ཡིན། སྔ་མོ་ནས་བཟུང་རྒྱལ་བསྟན་སྤྱི་དང་བྱེ་བྲག་འབའ་རོམ་བཀའ་བརྒྱུད་ཀྱི་བསྟན་པར་སྨིན་པའི་ཕྱག་ལས་མང་པོ་གནང་མྱོང་བ་ཞིག་ཡིན།

{{#arraymap:ཚང་གསར་གནམ་དགོན་ཐུབ་བསྟན་རྣམ་དག་གླིང་

|; |@@@ | | }}