58457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚིག་བདུན་གསོལ་འདེབས་ (1)
Part of speech མིང་ཚིག
Definition འདི་ལ་རྡོ་རྗེ་ཚིག་བདུན་མ་ཡང་ཟེར། དེ་ནི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་རྡོ་རྗེའི་ཚིག་རྐང་བདུན་མ་རང་བྱུང་རྡོ་རྗེའི་རང་སྒྲར་ཤར་བའི་ཚུལ་གྱིས་བྱིན་རླབས་དང་དངོས་གྲུབ་ཀྱི་མཛོད་ཆེན་པོར་གྱུར་པ། གཏེར་ཆེན་རིག་འཛིན་གོང་མས་ལུང་གིས་བསྔགས་པར་མཛད་པའི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གསོལ་འདེབས་ཤིག འདིའི་བྱུང་རིམ་ནི། སྔོན་འཕགས་ཡུལ་དུ་དཔལ་ནཱ་ལེནྡྲ་སོགས་སུ་ཕྱི་རོལ་མུ་སྟེགས་པས་བསྟན་པ་ལ་གནོད་པ་མང་དུ་བྱུང་སྐབས་མཁའ་འགྲོ་མ་ཞི་བ་དེས་ལུང་བསྟན་ལྟར་ཚིག་བདུན་གསོལ་འདེབས་འདི་ལ་བརྟེན་པ་དང་བསྟན་འགྲོ་ལ་ཕན་རླབས་ཤིན་ཏུ་ཆེན་པོ་བྱུང་། ཕྱིས་སུ་སླར་སློབ་དཔོན་ཆེན་པོ་བོད་ཡུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་ཚེ་ན་ཡང་། བོད་ཀྱི་ལས་ཅན་རྗེ་འབངས་རྣམས་ལ་གནང་ཞིང༌། ཕྱི་རབས་ལ་དགོངས་ཏེ་སྦས་པའི་གཏེར་ཁ་ཐམས་ཅད་དུ་རྡོ་རྗེའི་ཚིག་བདུན་པོ་འདི་མ་བྱུང་བ་མེད་ཅིང་། ལྷག་ཏུ་བོད་ཀྱི་ཆོས་བརྒྱུད་གསར་རྙིང་རིས་སུ་མ་ཆད་པའི་ནང་དུ་གུ་རུའི་རྣམ་འཕྲུལ་རེ་བྱོན་མ་མྱོང་བ་མེད་ལ། ཁོང་གི་གསུང་དང་གསོལ་འདེབས་སོགས་ནི་བོད་འབངས་རྣམས་ལ་བྱིན་རླབས་ཤིན་ཏུ་ཆེ་ཞིང་། རྡོ་རྗེ་ཚིག་བདུན་མ་འདིས་ཀྱང་དུས་དེང་སང་གི་བར་དུ་སྐྱེ་འགྲོ་སྤྱི་དང་། བོད་ཡུལ་ཀུན་ལ་མངོན་རྟགས་དང་བཅས་པའི་བྱིན་རླབས་དངོས་གྲུབ་མཛད་མེད་དུ་བྱུང་ཡོད། ཚིག་བདུན་གསོལ་འདེབས། ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃཿ།

{{#arraymap:ཚིག་བདུན་གསོལ་འདེབས་

|; |@@@ | | }}