58906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཚེ་དཔག་མེད་དཀར་པོའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། ཚེ་དཔག་མེད་དཀར་པོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ཉེར་དགུ་པ་ཡིན། བརྗོད་བྱ། གྲུབ་ཆེན་མི་དྲ་ཛོ་ཀིའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོའི་བསྐྱེད་བཟླས་དང་། རླུང་གི་སྦྱོར་བས་ཀུན་ད་དབབ་ལྡོག་དགྲམ་གསུམ་སོགས་ཀྱི་ཚེ་སྤེལ་བའི་ཉམས་ལེན་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཚེ་དཔག་མེད་པ་དེ་བ་ཌཱ་ཀི་ནཱི། མི་ཏྲ་ཨཱ་ནནྡ་དང་བུདྡྷ་ཤྲཱི། ཆག་ལོ་ཁུ་དབོན་གཞོན་ནུ་བྱང་ཆུབ་རྒྱལ། ཉི་མ་རྒྱལ་བའི་མཚན་དང་བཟང་པོ་དཔལ། ཡེ་ཤེས་དཔལ་བ་བློ་བཟང་དཔལ་འབྱོར་དང་། རིན་ཆེན་ཆོས་རྒྱལ་རིན་ཆེན་རྒྱལ་བའི་མཆོག ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། རྣམས་ལ་གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཆག་ལོའི་ཁྲིད་ཡིག་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:ཚེ་དཔག་མེད་དཀར་པོའི་ཁྲིད་

|; |@@@ | | }}